དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས“ཉེན་རྟོག་པ་ཁྲི་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    འདི་ནི་སྤྱི་བདེ་མི་དམངས་ཉེན་རྟོག་པས་འགུལ་སྐྱོད་སྟབས་མི་བདེ་བའི་རྒན་རྒོན་ལ་སྒོ་རྩར་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་འཚོལ་བསྡུའི་ཞབས་ཞུ་སྒྲུབ་བཞིན་པ།

    2025ལོར“ཉེན་རྟོག་པ་ཁྲི་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱོད་པའི”བྱ་སྤྱོད་སྤེལ་ཚུན། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ཡིས“ཧྥེང་ཆའོ་རྣམ་པའི་མངགས་གཏོང་ཁང”འཛུགས་གཏོད་བྱེད་སྒོ་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། ས་ཁུལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། འགལ་བ་སེལ་བ། ཉེན་ཁ་སྔོན་འགོག གནད་དོན་ཞིབ་བཤེར། ཟང་ཟིང་བཅོས་སྒྲིག་བཅས་ཀྱི་ཚ་རླབས་མགྱོགས་མྱུར་འཕྱུར་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད།

    མངའ་རིས་ས་ཁུལ་གྱི་རིམ་ཁག་མངགས་གཏོང་ཁང་དང་ཉེན་དོན་ས་ཚིགས་ཀྱིས་མང་ཚོགས་ལ་འཚམས་འདྲི་གཏིང་ཟབ་བྱས་པ་དང་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱས་ཏེ། གྲལ་བཤེར་མཐིལ་རྟོགས་དང་། འདུམ་འགྲིག་ཐག་གཅོད། སྔོན་འགོག་ཚོད་འཛིན། སློབ་གསོ་དྲིལ་བསྒྲགས་བཅས་མཐའ་གཅིག་ཏུ་གནད་ལ་འཁེལ་པོ་ཡོང་བ་བྱས་ཐོག འགལ་བ་དང་རྩོད་གཞི་སྣ་ཚོགས་ཕྱོགས་ཡོངས་ནས་འདུམ་འགྲིག་བྱས་པ་དང་། ཉེན་རྟོག་པ་961སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ(གྲོང་ཚོ)114ལ་ལེབ་བཤེར་བྱས་པ་རེད། ད་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་འཚམས་འདྲི་ཐེངས་24982དང་། ཁེ་ལས་ལ་འཚམས་འདྲི་ཐེངས་1642 སློབ་གྲྭར་འཚམས་འདྲི་ཐེངས་256བཅས་བྱས་པ་དང་བསམ་འཆར་དང་གྲོས་འགོ་35འཚོལ་བསྡུ་བྱས་ཡོད། གླ་པ་རྒྱུག་མཁན་དང་ཁེར་སྡོད་རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ཏེ“སྔོན་མངགས་འཚམས་འདྲི”བྱས་ནས་འཚམས་འདྲིའི་ཕན་འབྲས་ཐོན་པར་བྱས་པ་རེད།

    འཚམས་འདྲི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་ནས། མི་ཧྲེང་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱི་600ལ་འཚམས་འདྲི་བྱས་པ་དང་སྒོར་ཁྲི་2.4རི་བའི་འཚམས་འདྲིའི་དངོས་རྫས་སྤྲད་པ་རེད། ལས་ཞུགས་དང་། སྨན་བཅོས། སློབ་ཞུགས་སོགས་གནད་དོན་དངོས་6མཐུན་སྦྱོར་ཐག་གཅོད་བྱས་པ་མ་ཟད། ད་དུང་འགུལ་སྐྱོད་སྟབས་མི་བདེ་བའི་རྒན་རྒོན་ལ་སྒོ་རྩར་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་སྒོ་རྩར་ལག་ཁྱེར་སྐྱེལ་བའི་ཞབས་ཞུ་བྱས་ཐོག མཛུབ་རིས་ལེན་ཐབས་བྲལ་བའི་རྒན་རྒོན་ལ་མཛུབ་རིས་མེད་པའི་ཐོབ་ཐང་ལག་ཁྱེར་བཟོས་པ་རེད།

    ལག་ཁྱེར་སྒྲུབ་གཉེར་ལྷུ་ཚིགས་སུ་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ཏེ། སྔོན་ལ་སྒྲུབ་གཉེར་དང་། སྔོན་ལ་ཞིབ་དཔྱད། སྔོན་ལ་ལག་ཁྱེར་བཟོ་བ་བཅས་བྱས་ནས་ལག་ཁྱེར་མགྱོགས་པོ་གཉེར་ཐུབ་པ་བྱས་ཡོད། གནས་ཚུལ་ཛ་དྲག་ཆེ་བའི་མང་ཚོགས་ལ་དམིགས་བསལ་དོན་དག་དམིགས་བསལ་ཐོག་སྒྲུབ་པའི་བྱ་ཐབས་སྤྱད་དེ་ལག་ཁྱེར་གཉེར་བའི་དུས་ཚོད་སྔར་བས་ཐུང་དུ་བཏང་ཡོད། དེ་དང་ཆབས་ཅིག ད་དུང་ལག་ཁྱེར་ཁྱིམ་དུ་སྐྱེལ་བའི་ཞབས་ཞུ་སྒྲུབ་པ་དང་ལག་ཁྱེར་སྐྱེལ་བའི་ལམ་ཐིག་ལུགས་དང་མཐུན་པའི་ངང་འཆར་འགོད་བྱས་ནས་ལག་ཁྱེར་སྐྱེལ་བའི་ལས་ཕྱོད་མཐོ་རུ་བཏང་བ་རེད། ཕྱོགས་མི་གཞིས་ཆགས་དཀའ་བའི་དཀའ་གནད་ཐག་གཅོད་བྱ་ཆེད། མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་ཁུལ་དང་ཤང་གྲོང་གི་སྡོད་ཁུལ་དུ་ཁྲིམས་དང་མཐུན་པའི་ལས་ཀ་བརྟན་པོ་ཡོད་པའམ་ཡང་ན་ཁྲིམས་དང་མཐུན་པའི་སྡོད་གནས(བོགས་གཏོང་ཁང་པ་ཚུད་པ)བརྟན་པོ་ཡོད་པའི་ཆ་རྐྱེན་གང་རུང་དང་མཐུན་ཚེ། ཐེམ་ཐོ་གྲོང་ཁྱེར་དང་གྲོང་རྡལ་དུ་སྒྱུར་ཆོག་པའི་སྲིད་ཇུས་ཁྱབ་གདལ་བཏང་བ་དེས་དེ་སྔ་ངེས་པར་དུ་དངོས་གཞིའི་ལས་ཀ་ཡོད་དགོས་པའི་ཆ་རྐྱེན་གྱི་ཚད་བཀག་མེད་པར་བཟོས་ཤིང་། མིག་སྔའི་བར་བསྡོམས་མི་60གཞིས་ཆགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།