དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མེ་ཟོན་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    རྒྱ་ཆེའི་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་འགོག་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ནས་མེ་སྐྱོན་གྱི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱ་ཆེད། ཉིན་ཤས་བསྟུད་མར་བོད་ལྗོངས་མེ་ཟོན་གྱིས་ཐོན་ཁུངས་ཀྱི་སྟོབས་ཤུགས་དང་ལས་སྟེགས་ཀྱི་ཐབས་ལམ་སྣ་ཚོགས་གང་ལེགས་སྤྱད་དེ། བརྗོད་དོན་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་འདྲ་མིན་སྣ་ཚོགས་བཅས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མེ་ཟོན་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ་རེད།

    མེ་ཟོན་དྲིལ་བསྒྲགས་པས་མེ་ཟོན་བདེ་འཇགས་ཀྱི“ཁྱབ་སྤེལ་དྲུག”གི་ལས་དོན་དྲིལ་བསྒྲགས་ཀྱི་གཡུལ་ས་གཙོ་བོར་བརྩིས་ནས་གཞི་རིམ་གྱི་དྲ་མིག་པ་དང་མེ་ཟོན་དང་བླངས་པ་དང་མཉམ་དུ“སྐོར་སྐྱོད་དྲིལ་བསྒྲགས་ཚོགས་པ”བཙུགས་ཏེ། གང་སར“ངོ་ཐུག་གདོང་འཕྲད”ཀྱི་སྒྲོག་འགྲེལ་གནད་སྨིན་བྱེད་པར་བསྐྱོད་པ་རེད།

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་སྒྲོག་འགྲེལ་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།