དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཀྲུང་ནེའི་མཐའ་མཚམས་ཀོ་ཐང་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་ནས་རྒྱལ་ཁོངས་སུ་འཛུལ་བའི་ནེ་པ་ལའི་ཚོང་པ་ཁག་དང་པོ་བསུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    ཉེ་ཆར། རྒྱལ་ཁོངས་ནེ་པ་ལའི་མཐའ་མཚམས་ཡུལ་མི་7རྒྱལ་ཁོངས་སུ་འཛུལ་བའི་མཐའ་མཚམས་ཞིབ་བཤེར་འགྲོ་ལུགས་བདེ་བླག་ངང་གཉེར་བ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་ནས་2025ལོའི་རྒྱལ་སྒྲོལ་ཉོ་ཚོང་གི་མཐའ་མཚམས་ཚོང་པ་ཁག་དང་པོ་དངོས་སུ་བསུས་པ་ལས། ཀྲུང་ནེའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་གྲ་སྒྲིག་ཞིབ་ཚགས་བྱས་རྗེས་ཀོ་ཐང་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་གོ་རིམ་ལྡན་པར་སླར་གསོ་བྱུང་བ་མཚོན་ཡོད།

    སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ནི་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་སུ་དམིགས་སུ་ཡོད་པའི་དཔལ་འབྱོར་འགྲོ་འོང་བྱེད་སྟངས་ཤིག་ཡིན་ལ། ཕྱོགས་གཉིས་པོའི་མཐའ་མཚམས་དམངས་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཉེར་མཁོའི་དངོས་རྫས་ཕན་ཚུན་བརྗེ་འཚོང་དང་དམངས་འཚོའི་དངོས་ཟོག་མཁོ་སྤྲོད་ལ་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། དེ་ནི་དམངས་སེམས་འབྲེལ་མཐུད་བྱེད་པ་དང་། མཐའ་མཚམས་དར་རྒྱས་གཏོང་བ། ཁྱིམ་མཚེས་མཛའ་བརྩེ་ཟབ་ཏུ་གཏོང་བ་བཅས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་དེ་བས་རེད། ཉེ་བའི་ལོ་ཤས་རིང་། ས་ཁུལ་གྱི་མཉམ་ལས་གཏིང་ཟབ་ཏུ་དང་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་ཆབས་ཅིག སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་གི་གསོན་ཤུགས་འཕེལ་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།