དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ངལ་གསོ་ཡག་པོ་བརྒྱབ་ན་དམག་སྦྱོང་དེ་བས་ཡག་པོ་བྱེད་ཐུབ།

    བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ཚན་རིག་དང་མཐུན་པའི་དམག་སྦྱོང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ཏུ་ཚན་རིག་དང་མཐུན་པའི་སྦྱོང་བརྡར་དང་དམག་འཐབ་ཀྱི་སྙིང་སྟོབས་སྐོར་གྱི་བསམ་གཞིཌ་ལས་དཔོན་དམག་ཚོའི་སྦྱོང་བརྡར་གྱི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།

    མི་རིང་བའི་གོང་ཡིང་ཤོག་གིས་དྲག་ཆས་ཆ་ཚང་སྤྲས་ཏེ་དམག་གྲབས་དང་ཕྱིར་འཁྲིད་ནང་སྦྱོང་བྱས་པ་རེད། དམག་མི་གསར་པ་དབྱི་དབྱང་གིས་མེ་མདའ་སྦག་སྦག་ཁྱེར་ནས་མཐའ་མའི་མྱུར་བཅོམ་བྱེད་སྐབས་གློ་བུར་དུ་འགྱེལ་ནས་པུས་མོར་རྨ་བཟོས་པས་ཁྲག་དམར་ཆིལ་ཆིལ་དུ་དོན། འོན་ཀྱང་ཁོང་གིས་ལམ་སེང་ཡར་ལངས་ཏེ་འཐབ་གྲོཌ་ཚོའི་འབོད་སྐུལ་འོག་ཨམ་ཚིཌ་བསྡམས་ནས་ནང་སྦྱོང་ཚང་མ་ལེགས་གྲུབ་བྱས།

    དེའི་དགོང་མོ་མིང་བཤེར་རྒྱག་སྐབས་ལས་རེས་དམག་མིས་ཞའོ་དབྱི་ཡི་ཁྲག་དོན་པའི་རྐང་པར་ལྟ་བཞིན་དུ“ཕོ་ཁྱོ་ག་རང་རེད། རྨས་སྐྱོན་ཕོག་ནའང་སྣང་བ་སྤུ་ཙམ་ཡང་མི་གཏོང་བར་སྡུག་རུས་བྱས་པ་འདི་ང་ཚོ་དམག་མིའི་བྱེད་སྟངས་རང་རེད”ཅེས་བརྗོད་པས་འཐབ་གྲོགས་ཚོས་དགའ་བསུ་ཚད་མེད་ཞུས་པ་དང་དབྱི་དབྱང་ངོ་ཚ་ནས་གདོང་པ་དམར་པོར་གྱུར་ཡང་བྲང་ཁ་ལྡིར་ལྡིར་བྱས་པ་དང་སེམས་སུ་སྤོབས་པ་སྐྱེས་ལ་སེམས་ཁྲལ་ཡང་ཅུང་ཟད་བྱུང་། སྐབས་དེར་སློབ་སྟོན་པ་ལི་ཁྲའོ་ཡིས་འཁྲིས་སུ་ཡོང་ནས་ཁོ་པའི་དཔུང་པར་བཅག་བཅག་བྱེད་ཞོར“ཞའོ་དབྱི་སྡུག་རུས་འཁྱོག་པོ་འདུག འོན་ཀྱང་ང་ཚོས་ཕོ་ཁྱོ་གའི་བྱེད་སྟངས་དངོས་གནས་འདི་འདྲ་ཡིན་མིན་བསམ་བློ་ཡག་པོ་གཏོང་དགོས་འདུག” ཅེས་བརྗོད་ཞོར་ཁོང་གིས་རུ་སྟར་ལ་ཕྱོགས་ནས་སྐད་ཤུགས་ཆེ་རུ་བཏང་སྟེ“པུས་མོའི་རུས་པར་སེར་ག་གས་པ་དེ་དོན་དག་ཆུང་ཆུང་མ་རེད། དེ་རིང་ཞའོ་དབྱི་ཡིས་སྡུག་རུས་བྱས་ནས་སྤྱི་ལེ་གསུམ་རྒྱུག་ཐུབ་པ་རེད།

    འོན་ཀྱང་སང་ཉིན་རྒྱུས་པ་ཆད་ན་གང་འདྲ་བྱེད་མཁན་ཡིན་ནམ། གནས་ཚུལ་དེ་འདྲ་ཐོན་ཡང་ལེན་ཤོག་ཚང་མས་སྡུག་རུས་བྱས་ནས་ཨ་ན་ཨུ་ཚུགས་བྱས་པ་ཡིན་ན། མཐའ་མ་འཁར་རྒྱུག་ཁྱེར་ནས་གཞན་གྱི་སྦྱོང་བརྡར་ལ་ལྟ་རྒྱུ་ལས་མ་འདས། ཁྱེད་ཚོས་བྱས་ན་དེ་ཕོ་ཁྱོ་གའི་བྱེད་སྟངས་རེད་དམ། ངས་བྱས་ན་དེ་དམག་འཐབ་ནུས་པར་ལག་རྩེད་རྩེ་བ་ཞིག་རེད”ཅེས་བཤད་པས་སྐད་ཆ་དེ་དྲན་སྐུལ་གྱི་ཅོང་བརྡ་ཞིག་དང་འདྲ་བར་ཚང་མའི་སེམས་སུ་གཏིང་ཟབ་ཟུག་སྟེ་ཚང་མ་བསམ་གཞིགས་ཀྱི་ཀློང་དུ་ཚུད།

    “ཚན་རིག་དང་མཐུན་པའི་དམག་སྦྱོང་ཇུས་གཞི་ཞིབ་ཚགས་སུ་དང་བདེ་འཇགས་དོཌ་ཟོན་ཆེ་རུ་གཏོང་བའི”བརྗོད་དོན་གཙོ་བོའི་གྲོས་བསྡུར་ཆེན་པོ་ཞིག་ཡིང་ཤོག་ཡོངས་སུ་སྤེལ་ཏེ། དཔོན་དམག་སྒྲིག་འཛུགས་བྱས་ནས་གྲོས་བསྡུར་སྤེལ་རེས་དང་། གནད་དོན་གྱི་འབྱུང་རྩ་འཚོལ་བཤེར། ཐག་གཅོད་ཇུས་གཞི་ཞིབ་འཇུག་བཅས་བྱས་པ་རེད། ཕྱོགས་གཅིག་ནས་རིག་པའི་གཞུང་ལུགས་ཀྱི་སློབ་གསོ་བརྒྱུད། དཔོན་དམག་གིས“ངར་ཤུགས”ལ་ཕྱོགས་རེ་ཙམ་གྱི་ངོས་འཛིན་བྱེད་པར་ཡོ་བསྲང་བྱས་པ་དང་དམག་སྦྱོང་སྐབས་རྨས་སྐྱོན་ཕོག་པ་དེ་དམག་འཐབ་ཀྱི་བྱས་རྗེས་གཟེངས་རྟགས་ལ་བརྩི་བའི་ནོར་འཁྲུལ་གྱི་བསམ་བློ་ཡོ་བསྲང་བྱས་ཡོད། ཕྱོགས་གཞན་ཞིག་ནས་ལེན་ཤོག་གི་རྐང་འཛིན་པས་དངོས་འཐབ་ཅན་གྱི་སྦྱོང་བརྡར་ནང་དོན་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ། ཚན་རིག་དང་མཐུན་པའི་སྦྱོང་བརྡར་བྱེད་པའི་རྨང་གཞིའི་ཐོག་འཐབ་འཛིང་པ་ཚོའི་འཐབ་ཕོད་པ་དང་འཐབ་ན་རྒྱལ་ངེས་ཡིན་པའི་ཡིད་ཆེས་དང་སྙིང་སྟོབས་འཕེལ་བར་བྱས་པ་རེད།

    རིམ་བཞིན་འགྱུར་ལྡོག་བྱུང་བ་ལྟར་ན། དེ་གོང་གི་དཔྱད་ཞིབ་སྐབས་འཐབ་འཛིང་པ་ཀྲོའུ་ཞུའེ་ཧྥུང་གིས་པུས་ཤུབས་གོན་ཏེ་སྦྱོང་བརྡར་ལེགས་སྒྲུབ་བྱས་པ་དང་། རྨས་སྐྱོན་མ་ཕོག་གོང་ལས་སྐར་ཆ་20ཡིས་མགྱོགས་པ་བྱུང་ཡོད། ཁོང་གིས“དེ་སྔ་སྡུག་རུས་ཐུབ་ན་ཕོ་ཁྱོ་ག་རེད་སྙམ་གྱི་ཡོད། ད་ཆ་རྨས་སྐྱོན་ཕོག་སྐབས་སྙན་སེང་ཞུས་ནས་སྨན་བཅོས་ཡག་པོ་བྱས་ཚེ་གཞི་ནས་སྦྱོང་བརྡར་ལེགས་གྲུབ་ཐུབ་པ་ཤེས་བྱུང”མེ་སྒྱོགས་བཅུ་ཤོག་གི་འཐབ་འཛིང་པ་ལི་མིང་རན་ད་ཆ“སྲུང་ཆས་དྲིལ་བསྒྲགས་པར”གྱུར། ཁོང་གིས་རང་ཉིད་ཀྱི་རྨ་ཁ་རྙིང་པ་དམག་མི་གསར་པར་བསྟན་ནས“ངའི་རྨ་ཁ་དེར་ལྟོས་དང་། དེ་སྔ་ངས་དེ་བསྟན་ནས་ངོམས་སོ་བྱེད་ཀྱི་ཡོད། ད་ཆ་རང་ཉིད་ལ་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་མེ་སྒྱོགས་བཀོལ་སྤྱོད་ཐུབ་པ་ཤེས་བྱུང”ཞེས་བརྗོད།

    སྦྱོང་བརྡར་བྱེད་སར་ངར་སྐད་ཀྱིས་ཁེངས་ཤིང་། ས་མཐོའི་ཉི་འོད་འོག་དཔུང་ཁག་དེས་དེ་བས་ཚན་རིག་དང་མཐུན་པའི་སྦྱོང་བརྡར་བྱེད་བཞིན་ཡོད། ཁོང་ཚོས་བདེ་ཐང་གི་འཐབ་འཛིང་པ་ནི་དམག་དཔུང་སྟོབས་ཆེན་གཏོད་པའི་རྨང་གཞི་ཡིན་པ་ཤེས་ཀྱི་ཡོད།

    ནང་སྦྱོང་བྱེད་པར་ངར་ཤུགས་དགོས་ལ། དེ་བས་ཚན་རིག་དང་ཡང་མཐུན་དགོས། ངལ་གསོ་ཡག་པོ་བརྒྱབ་ན་དམག་སྦྱོང་དེ་བས་ཡག་པོ་བྱེད་ཐུབ། ཐོག་མའི་བསམ་འདུན་བརྟན་པ་དང་། རིག་པ་དྭངས་གསལ། འབད་འབུངས་ལྷོད་མེད་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་དམག་དཔུང་སྟོབས་ཆེན་གྱི་ལམ་བུར་དེ་བས་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།