དམག་གིས་དམངས་ལ་གཅེས། དམངས་ཀྱིས་དམག་ལ་བཀུར། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།
འདི་ནི་བཅའ་སྡོད་བྱ་ཡུལ་གྲོང་ཁྱེར་སྲིད་གཞུང་ཚན་པའི་འཚམས་འདྲི་ཚོགས་པས་དཔོན་དམག་ཚོར་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།
འདི་ནི་བཅའ་སྡོད་བྱ་ཡུལ་གྲོང་ཁྱེར་སྲིད་གཞུང་ཚན་པའི་འཚམས་འདྲི་ཚོགས་པས་དཔོན་དམག་ཚོར་ཁ་བཏགས་གཡོག་བཞིན་པ།
དམག་སྲིད་དམག་དམངས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། “དམག་གིས་དམངས་ལ་གཅེས། དམངས་ཀྱིས་དམག་ལ་བཀུར། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འཆམ་མཐུན་གྱི་རྣམ་པ་ཧུར་ཐག་གཏོད་ཆེད། ཉེ་ཆར། བཅའ་སྡོད་བྱ་ཡུལ་གྲོང་ཁྱེར་སྲིད་གཞུང་ཚན་པས་འཚམས་འདྲི་ཚོགས་པ་བཙུགས་ནས་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ཏུ་བསྐྱོད་དེ་རྒྱ་ཆེའི་དཔོན་དམག་ཚོར་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་ཡོད།
འབྲེལ་ཡོད་གསར་འགྱུར།