ཕ་ཡུལ་གྱི“དམིགས་བསལ་ལག་རྟགས”འབྱོར་བས་དཔོན་དམག་ཚོའི་སེམས་པ་དྲོ་སོབ་སོབ་ཏུ་གྱུར་པ།
འདི་ནི་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་དང“ཕ་ཡུལ་གྱི་དགའ་ཉེའི”ལྷན་ཞུགས་པར་ཡིན་པ།
ཉེ་ཆར། ས་བབ་སྨི་4300ཟིན་པའི་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་བཅའ་སྡོད་དམག་སྦྱོང་བྱ་ཡུལ་དུ། ཉིང་ཞ་ཡིང་ཁྲོན་ནས་ཡོང་བའི“ཕ་ཡུལ་གྱི་དགའ་ཉེ”ཚོས་གངས་ལྗོངས་ས་མཐོ་བརྟན་སྲུང་བྱེད་བཞིན་པའི་ཕ་ཡུལ་ཡིང་ཁྲོན་ནས་ཡིན་པའི་དཔོན་དམག་ཚོར་ཚ་སོབ་སོབ་ཀྱི་དྲོ་སྐྱིད་ཅིག་ཁྱེར་འོངས། ཡིང་ཁྲོན་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་འཚམས་འདྲིའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། དཀའ་ངལ་ལ་མི་འཛེམས་པར་ཉིན་གསུམ་ནང་སྤྱི་ལེ་2800ལྷག་ཙམ་བསྐྱོད་དེ་ཆེད་མངགས་ཕ་ཡུལ་མི་དམངས་ཀྱི་བརྩེ་བ་ཟབ་མོ་དཔོན་དམག་ཚོའི་གམ་དུ་བསྐྱལ་བ་རེད།
ཐུན་མོང་མ་ཡིན་པའི“ཕ་ཡུལ་གྱི་འདུ་འཛོམས”ཤིག་དམག་དཔུང་གི་ལུས་རྩལ་ཐང་དུ་བྱས་པ་དང་། ཕ་ཡུལ་ཡིང་ཁྲོན་ནས་ཡིན་པའི་དཔོན་དམག་20ལྷག་ཙམ་གྱིས་ཐག་རིང་ནས་ཡོང་བའི“ནང་མི”དང་དགའ་འཛོམས་བྱས་པ་རེད།
དམག་དཔུང་ཐང་འཐབ་སྤྲོ་སྐྱིད་ཁང་དུ་དྲོ་སྐྱིད་ཀྱིས་ཁེངས་ཤིང་། འཚམས་འདྲི་ཚོགས་པས་ཁྱེར་འོང་བའི་དངོས་མཚོན་པར་གཞི《ཡར་བརྩོན་གྱི་ཡིང་ཁྲོན་གསར་པ་2025》ཞེས་པ་བསྟན་ནས། ཕ་ཡུལ་གྱི་འཕེལ་རྒྱས་རྣམ་པ་དཔོན་དམག་ཚོའི་འདྲེན་བྱེད་ལམ་དུ་བཤམས། དངོས་མཚོན་པར་གཞིའི་ནང་རྒྱལ་ཡོངས་ཚོང་གཉེར་ཁོར་ཡུག་གི་ཚད་ཤིང་དཔེ་སྟོན་གྲོང་ཁྱེར་སྐོར་སྟོན་སྐབས། ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ཕ་ཡུལ་ཡིང་ཁྲོན་ནས་ཡིན་པའི་དཔོན་དམག་ཚོར་སྤོབས་སེམས་ཀྱིས་ཁེངས།
དཔོན་དམག་ཚོའི་སེམས་ལ་དེ་བས་དྲོ་སྐྱིད་ཚོར་བ་ནི་ཕ་ཡུལ་གྱིས་ཁོ་ཚོར་དམིགས་ནས་བཏོན་པའི་དངོས་དངོས་རྗེན་རྗེན་གྱི“སྲིད་ཇུས་ཀྱི་ལག་རྟགས་ཆེན་པོ”དེ་ཡིན། དམག་མིའི་བུ་ཕྲུག་གི་སློབ་གསོར་སེམས་ཁྲལ་མེད་པའི་གཟིགས་སྐྱོང་བྱས་པ་སྟེ། 2025ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། ཡིང་ཁྲོན་གྲོང་ཁྱེར་གྱིས“བརྒྱད་གཅིག་དམངས་གཅེས་སློབ་གྲྭ”གསུམ་མང་དུ་བཏང་ནས་དམག་མིའི་བུ་ཕྲུག་1490ལ་སྤུས་ལེགས་ཀྱི་སློབ་གསོ་ཐོབ་པ་བྱ་རྒྱུ་ཡིན་པ་དང་། དམག་མིའི་ནང་མི་ལས་ཞུགས་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱས་པ་སྟེ། མཐའ་མཚོ་འགོག་སྲུང་གི་དཔོན་དམག་གི་ནང་མིར་གནད་སྨིན་སྒོ་ནས་ཉུང་མཐར་ཡང་ལས་གནས་རྩེ་གྲ་3མཁོ་འདོན་བྱས་ཏེ་གདམ་ག་བྱེད་དུ་འཇུག་རྒྱུ་ཡིན་པ། སྨན་བཅོས་འགན་སྲུང་རིམ་སྤོར་བྱས་ནས་དྲོ་སྐྱིད་སྦྱིན་པ་སྟེ། ཡིང་ཁྲོན་གྲོང་ཁྱེར་ཁོངས་གཏོགས་སྨན་ཁང་གིས་མཐའ་མཚམས་སྲུང་མཁན་གྱི་དཔོན་དམག་གི་ཐད་རྒྱུད་གཉེན་ཉེར་སྨན་པ་བསྟེན་པའི“ཐོགས་མེད་བགྲོད་ལམ”བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།