དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།

    མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    ཉེ་ཆར་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཉེན་རྟོག་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ། སྒར་རྫོང་དྲག་ཆས་དཔུར་སྡེར་མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་རྨང་གཞིའི་ཤེས་བྱ་སློབ་ཁྲིད་བྱས་པ་རེད། དེའི་དམིགས་ཡུལ་ནི་སྒར་རྫོང་དྲག་ཆས་པུའི་དཔོན་དམག་དང་ཡུལ་དམག་གི་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་ནུས་སྔར་བས་ཆེ་རུ་བཏང་ནས། ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་སྐོར་གཡེང་མྱུལ་ཞིབ་སོགས་ལས་ཀའི་ཁྲོད་ཀྱི་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་ཆེད་ཡིན་པ་རེད།

    སློབ་ཁྲིད་བྱེད་རིང་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་རྟོག་པས་ལས་ཀའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་པའི་ཁར། རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་བཀོལ་སྤྱོད་སྦྱོང་བརྡར་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། མི་མེད་གནམ་གྲུ་གྲུབ་པའི་རྩ་བའི་རིགས་པ་དང་། བཀོལ་སྤྱོད་སྒྲིག་སྲོལ། བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱར་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད།

    སྦྱོང་བརྡར་ལ་ཞུགས་མཁན་ཚོས་བློ་རྩ་གཅིག་ཏུ་བསྒྲིམས་ནས་སློབ་སྦྱོང་བྱས་ཤིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་བྱས་པ་བརྒྱུད། མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་རྨང་གཞིའི་ཤེས་བྱ་སྔར་བས་ཤེས་རྟོགས་གཏིང་ཟབ་དང་གོ་བ་གསལ་པོ་ལོན་ནས་རང་ཚུགས་སུ་བཀོལ་སྤྱོད་བྱེད་པའི་ནུས་པ་རགས་ཙམ་ལྡན་པ་རེད།

    ད་ཐེངས་ཀྱི་སློབ་ཁྲིད་ནི་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དམག་དཔུང་སྟོབས་ཆེར་གཏོང་བ། མཐའ་མཚམས་དར་རྒྱས་གཏོང་བ་བཅས་ཀྱི་འཐབ་ཇུས་དོན་འཁྱོལ་གྱི་ལག་ལེན་དངོས་ཤིག་རེད། དེར་མངའ་རིས་ས་ཁུལ་དང་ལྷག་པར་དུ་སྒར་རྫོང་གི་སྤྱི་ཡོངས་ཀྱི་བདེ་འཇགས་འགོག་སྲུང་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།