དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས།

    རུ་ཁག་གི་སྒྲིག་ཁྲིམས་ལ་ཞིབ་བཤེར་བྱས་ནས་གཟུགས་བརྙན་བཟང་པོ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-02

    འདི་ནི་རུ་ཁག་གི་རྣམ་པ་དང་སྒྲིག་ཁྲིམས་ལ་ཞིབ་བཤེར་བྱེད་བཞིན་པ།

    རུ་ཁག་གི་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་ནགས་ཚལ་མེ་གསོད་རུ་ཁག་གི་གཟུགས་བརྙན་བཟང་པོ་གཏོད་ཆེད། ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་བཀོད་འཐབ་པ་ཡོངས་སྒྲིག་འཛུགས་ནན་པོ་བྱས་ནས་རུ་ཁག་གི་རྣམ་པ་དང་སྒྲིག་ཁྲིམས་ལ་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་རུ་ཆེན་གྱི་མགོ་དཔོན་གྱིས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས། རུ་མིའི་གཟུགས་བརྙན་དང་ཉམས་འགྱུར། དེ་བཞིན་གྱོན་ཆས་བཅས་ཚད་ལྡན་ཡིན་མིན་ལ་གཙོ་བོར་དམིགས་ནས། བཀའ་་གསུང་སྤྱི་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་ལ་འཁྱོལ་བར་བྱས་པ་རེད། ཞིབ་བཤེར་གྱི་བརྒྱུད་རིམ་ཧྲིལ་པོ་ཚད་གཞི་མཐོ་པོ་ཡོང་བ་མཐའ་འཁྱོངས་བྱས་ཏེ། ཚད་དང་མ་མཐུན་པ་བྱུང་ཚེ་ས་ཡུལ་དངོས་སུ་སྟོན་པ་དང་ཡོ་བསྲང་བྱས་ནས་རུ་མི་ཡོངས་ཀྱི་གཟུགས་བརྙན་ཚད་ལྡན་ཡོང་བའི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རུ་ཆེན་གྱི་རྣམ་པ་དང་སྒྲིག་ཁྲིམས་ལ་ཞིབ་བཤེར་བྱེད་པ་ནི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་རྒྱུན་གཏན་གྱི་དོ་དམ་ལ་དམ་འཛིན་ནན་པོ་བྱེད་པ་དང་རུ་ཁག་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། རུ་ཁག་གི་རྣམ་པ་དང་སྒྲིག་ཁྲིམས་ལ་དམ་འཛིན་ནན་པོ་བྱས་པ་བརྒྱུད། བཀོད་འཐབ་པ་ཡོངས་ཀྱི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་བཀའ་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ནས། ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འགན་འཁྲི་ཚད་གཞི་མཐོ་པོས་ལག་ལེན་བསྟར་ཐུབ་པ་དང་སྤྱོད་ཚུལ་ལ་ཉམས་སད་ཐེག་ཐུབ་པའི་དམིགས་བསལ་ལས་སྒྲུབ་ཀྱི་དམག་མི་རྩེ་གྲ་གསོ་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།