རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“ཁྲིམས་རེར་བྱེད་ཐབས་རེའི”ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》(“ཁྲིམས་རེར་བྱེད་ཐབས་རེ”ཞེས་བསྡུ་རྒྱུ)ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ནས་འབྲེལ་ཡོད་སྡེ་ཚན་ཁག་གི་ལག་བསྟར་གྱི་སྤྱིའི་གནས་ཚུལ་ཉན་པ་དང་ས་ཆ་དངོས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ནས་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་དངོས་སུ་འགོ་ཚུགས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ཁྲིམས་རེར་བྱེད་ཐབས་རེའི”ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པས། སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཁྲིམས་སྒྱུར་ཞིབ་བཤེར་ཡག་པོ་བྱེད་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས། ལས་དོན་ཁག་ལག་བསྟར་ནུས་ལྡན་ཐུབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་ཟུང་འབྲེལ་ནུས་ལྡན་མཐའ་འཁྱོངས་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས། ཞིབ་བཤེར་གྱི་འགན་འཁྲི་ཤུགས་ཆེར་གཏོང་བ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ། ཕྱོགས་ཁག་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ། ཁྲིམས་སྒྱུར་ཞིབ་བཤེར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་བཟོ་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བཅས་བྱས་ནས་ལས་བཟོ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།