དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཉིང་ཁྲི་ནགས་ཚལ་མེ་གསོད་ཀྱིས།

    ཐག་འཁྱུད་རོགས་སྐྱོབ་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-26

    འདི་ནི་སྦྱོང་བརྡར་བྱ་ཡུལ་ཡིན་པ།

    བར་སྣང་དང་གཡང་གཟར་སོགས་རྙོག་འཛིང་ཆེ་བའི་ཁོར་ཡུག་ནང་དཔུང་ཁག་གི་དངོས་འཐབ་རོགས་སྐྱོབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་དངོས་འཐབ་ཀྱི་དགོས་མཁོར་གཞིགས་ནས་ཐག་འཁྱུད་རོགས་སྐྱོབ་ཀྱི་ཆེད་དོན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྦྱོང་བརྡར་གྱི་ལྟེ་བ་ནི་འགྲན་བསྡུར་ནང་ཞུགས་པའི་ཉམས་མྱོང་གཞན་ལ་མཉམ་སྤྱོད་བྱ་ཆེད་ཡིན་ཞིང་། རུ་འབྲིང་གིས་ཉེ་དུས་རྐང་འཛིན་རུ་མི་ཆུ་ཚད་མཐོ་བའི་ཐག་འཁྱུད་རོགས་སྐྱོབ་འགྲན་བསྡུར་ལ་བཏང་བ་ལས་བྱུང་བའི་རྩ་ཆེན་ཉམས་མྱོང་དང་སྔོན་ཐོན་ལག་རྩལ་གང་ལེགས་སྤྱད་དེ་སྦྱོང་བརྡར་མ་ལག་ནང་གཏིང་ཟབ་ཁྱབ་པར་བྱས་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱུན་གཏན་གྱི་སྦྱོང་བརྡར་ཁྲོད་ཞན་ཆ་བསལ་ནས་དཀའ་ཚེགས་ཆེ་བའི་རོགས་སྐྱོབ་ཡུལ་རྣམ་གྱི་ལག་རྩལ་དང་འཐབ་རྩལ་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད་ཡིན་པ་རེད།

    མེ་གསོད་རུ་མི་གསར་པ་ཝང་ཝུན་ཀྲེ་ཡིས“སྦྱོང་བརྡར་དཀའ་ཚེགས་ཆེ་ཡང་གྲུབ་འབྲས་བཟང་པོ་ཐོབ་བྱུང་། རུ་མི་རྒན་གྲས་ཚོས་འགྲན་བསྡུར་ནང་ཞུགས་པའི་ཉམས་མྱོང་ང་ཚོར་བསླབས་བྱུང་ལ། ལྷག་པར་དུ་བདེ་འཇགས་ཀྱི་ཞིབ་ཕྲའི་བླང་བྱ་ཡང་ཧ་ཅང་ནན་པོ་བཏོན་སོང་། སྔོན་ཆད་བར་སྣང་གི་བཀོལ་སྤྱོད་ལ་སྐྲག་སྣང་སྐྱེ་གི་འདུག ད་ལྟ་བརྒྱུད་རིམ་དེ་བས་ཁ་གསལ་བ་ཤེས་བྱུང་ལ་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང་། ཚོགས་པའི་གཞོགས་འདེགས་བྱེད་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་འདུག”ཅེས་བཤད།

    ད་ཐེངས་ཀྱི་ཐག་འཁྱུད་རོགས་སྐྱོབ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པ་ལས་དཀའ་ཚེགས་ཆེ་ལ་ཉེན་ཁ་ཆེ་བའི་ཁོར་ཡུག་ནང་བཀོད་འཐབ་པ་ཚོའི་ཚོར་སྐྱེན་དང་བཀོལ་སྤྱོད་གནད་འཁེལ་ལ་སྦྱོང་བརྡར་ནུས་ལྡན་ཐེབས་ནས་ཚོགས་པའི་མཐུན་སྦྱོར་གྱི་དམག་འཐབ་ནུས་པ་ངོ་བོའི་རང་བཞིན་སྒོ་ནས་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།