དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་དམག་ཁུལ་ཁང་གིས《དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན་གྱི་ཐོབ་ཐང་འགན་སྲུང་ལག་བསྟར་བྱ་ཐབས》དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-26

    རྒྱ་ཆེའི་ཞི་བའི་ལས་འགན་འཁུར་མཁན་གྱིས་ཐོབ་ཐང་འགན་སྲུང་སྲིད་ཇུས་ཤེས་རྟོགས་ཡང་དག་བྱས་ནས་ཕན་བདེ་ཐོབ་ཐང་གནད་འཁེལ་ངང་དོན་འཁྱོལ་བྱེད་པར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་གིས《དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན་གྱི་ཐོབ་ཐང་འགན་སྲུང་ལག་བསྟར་བྱ་ཐབས》ཀྱི་ཆེད་དོན་སྒྲོག་འགྲེལ་ཟུར་ཁྲིད་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞི་བའི་ལས་འགན་འཁུར་མཁན་ཡོངས་དང་རིམ་པ་ཁག་གི་ཞི་བའི་ལས་འགན་འཁུར་མཁན་གྱི་ལས་སྒོའི་རྐང་འཛིན་པ་ཞུགས་པ་རེད།

    སྒྲོག་འགྲེལ་ཟུར་ཁྲིད་སྐབས“ཞི་བའི་ལས་འགན་འཁུར་མཁན་གྱི་གླ་ཕོགས་དང་། སྡོད་ཁང་། སྨན་བཅོས། འགན་བཅོལ་སོགས་ཕན་བདེ་ཐོབ་ཐང་དང་གཟིགས་སྐྱོང་སྲིད་ཇུས”ལ་དམིགས་ནས་གོ་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་པ་དང་། 《ལག་བསྟར་བྱ་ཐབས》དེ་བཏོན་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ། ཞི་བའི་ལས་འགན་འཁུར་མཁན་གྱིས་དོ་ཁུར་བྱེད་མང་བའི་དཀའ་གནད་དང་། གླེང་མང་བ། འགག་གནད་བཅས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།

    ཚོགས་འདུ་གྲོལ་རྗེས། རྒྱ་ཆེའི་ཞི་བའི་ལས་འགན་འཁུར་མཁན་གྱིས་ཐེངས་འདིའི་སྒྲོག་འགྲེལ་ནི་ཧ་ཅང་དུས་ཐོག་དང་དགོས་ངེས་ཤིག་རེད་འདུག སྲིད་ཇུས་ཀྱི་གཙོ་གནད་གསལ་པོར་བཤད་པ་མ་ཟད། དཔུང་སྡེའི་དོན་དངོས་དང་ཡང་ཟུང་འབྲེལ་བྱས་ནས་སེམས་ཁུར་དང་དོ་ཁུར་ལ་ལེན་བཏབ་པས། ཚང་མས་ས་མཐོར་རྩ་བ་ཚུགས་པ་དང་ལས་གནས་ཐོག་ལེགས་སྐྱེས་ཕུལ་བའི་ལས་ཀའི་སྒུལ་ཤུགས་དང་ལས་རིགས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།