དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-26

    བྱེད་སྤྱོད་གང་དག་ནི་མི་གཞན་གྱི་མིང་གྲགས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཁོངས་སུ་གཏོགས་སམ།

    དོན་ཚན་ཆིག་སྟོང་དང་ཉེར་བཞི་པ། དམངས་དོན་བྱེད་པོ་ལ་མིང་གྲགས་ཀྱི་ཁེ་དབང་སྤྱོད་རྒྱུ་ཡོད། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་དམའ་འབེབས་དང་སྙོན་འཛུགས་སོགས་ཀྱི་བྱེད་སྟངས་ཐོག་ནས་མི་གཞན་པའི་མིང་གྲགས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག

    མིང་གྲགས་ནི་དམངས་དོན་བྱེད་པོའི་ཀུན་སྤྱོད་དང་། སྙན་གྲགས། འཇོན་ཐང་། ཡིད་རྟོན་སོགས་ཀྱི་སྤྱི་ཚོགས་ཀྱི་གདེང་འཇོག་ཡིན།

    ཁྲིམས་ལུགས་འཆད་སྟེགས།

    རྩ་འཛུགས་སམ་མི་སྒེར་གང་རུང་གིས་དམའ་འབེབས་དང་སྙོན་འཛུགས་སོགས་ཀྱི་བྱེད་སྟངས་ཐོག་ནས་གཞན་གྱི་མིང་གྲགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་མི་རུང་། དམའ་འབེབས་གཏོང་བ་ཞེས་པ་ནི་གཏུམ་སྤྱོད་དམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་གཞན་གྱི་མི་གཤིས་ལ་དམའ་འབེབས་གཏོང་བ་དང་གཞན་གྱི་མིང་གྲགས་མེད་པ་བཟོ་བ་ཞིག་རེད། དཔེར་ན་གཏུམ་སྤྱོད་ཀྱི་བྱ་སྤྱོད་དང་། སྐད་ཆ། ཡི་གེ་སོགས་ལ་བརྟེན་ནས་དམའ་འབེབས་གཏོང་བ་དེ་རེད། སྙོན་འཛུགས་ཞེས་པ་ནི་ཡིག་ཐོག་དང་ངག་ཐོག་སོགས་ནས་དོན་དངོས་འཁྱོག་བཤད་བྱས་ཏེ་གཞན་གྱི་མི་གཤིས་ལ་འཛེམས་མེད་ངང་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅིག་རེད། བྱ་སྤྱོད་སྤེལ་མིས་གསར་འགྱུར་སྒྲོག་སྤེལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་སོགས་སྤེལ་ནས་མི་གཞན་གྱི་མིང་གྲགས་ལ་ཤུགས་རྐྱེན་བཟོས་པ་ཡིན་ན་དམངས་དོན་འགན་འཁྲི་འཁུར་མི་དགོས། འོན་ཀྱང་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན་འགན་འཁྲི་འཁུར་དགོས་པ་སྟེ། (1)དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱེད་པ་དང་། (2)མི་གཞན་གྱིས་བཏོན་པའི་དོན་དངོས་དང་མི་མཐུན་པའི་བརྗོད་བྱ་ལ་བདེན་བརྡར་ལུགས་མཐུན་བྱེད་པའི་འོས་འགན་མ་སྒྲུབ་པ། (3)སྙད་བརྐོ་བའི་ངག་ཚིག་སོགས་སྤྱད་ནས་མི་གཞན་པའི་མིང་གྲགས་ལ་དམའ་འབེབས་བྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།