དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆུ་ཤུར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།

    ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-26

    ཉེ་ཆར་ཆུ་ཤུར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འགྲུལ་སྐྱེལ་རླངས་འཁོར་དང་ཡུལ་སྐོར་གཙང་གླས་རླངས་འཁོར་སོགས་གཙོ་གནད་རླངས་འཁོར་ལ་དམིགས་ཏེ། མི་ཚད་ལས་བརྒལ་བ་བླུགས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁྲིམས་སྒྱུར་ནན་པོ་ལག་ལེན་བསྟར་ཏེ་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

    བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། ཉེན་རྟོག་པས་མངའ་ཁོངས་སུ་གནས་གཏན་འཁེལ་གྱི་ཞིབ་བཤེར་དང་འགུལ་རྣམ་སྐོར་གཡེང་བརྒྱུད་དེ་སྐྱེལ་འདྲེན་ལས་གཉེར་རླངས་འཁོར་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད། རྒྱལ་ལམ་318ཀྱི་4627km+100mསར་འཁོར་རྟགས་བོད་AF88**ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཤིག་ལ་ཉེན་རྟོག་པའི་དོ་སྣང་བྱུང་ཡོད། རླངས་འཁོར་ནང་འགྲུལ་པས་ཁེངས་པས་མི་ཚད་ལས་བརྒལ་བ་བླུགས་པའི་དོགས་པ་ཡོད་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། རླངས་འཁོར་དེའི་ནང་མི་13ལས་བླུགས་ཆོག་གི་མེད་ཀྱང་དངོས་སུ་མི་15བླུགས་ནས་མི་2ཚད་ལས་བརྒལ་ཡོད། དེའི་ནང་མི་1ཟུར་དུ་བསྡད་ཡོད་པ་དང་། བྱིས་པ་གཞན་གཉིས་པང་དུ་བསྡད་ཡོད་པས། འཕྲུལ་སྒུལ་འཁོར་རིགས་ཀྱི་གཏན་འབེབས་བྱས་པའི་མི་གྲངས་ལས་བརྒལ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་དོགས་པ་ཡོད་པ་རེད། མི་དམངས་ཉེན་རྟོག་པས་ཁ་ལོ་བ་དང་འགྲུལ་པ་ཚོར་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་བརྒྱབ་ནས་མི་ཚད་ལས་བརྒལ་བ་བླུགས་པའི་གནོད་འཚེ་གསལ་བཤད་ཞིབ་ཕྲ་བྱས་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་དོན་ཚན་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་ཁ་ལོ་བ་དེའི་ཁྲིམས་འགལ་བྱེད་སྤྱོད་ལ་དམིཌ་ནས་ཁྲིམས་ལྟར་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་6འཐེན་པ་དང་དངུལ་ཆད་སྒོར་200བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།