འགུལ་མེད་རྒྱུ་ནོར“ཐོ་འགོད་དཀའ་བ”བཅོས་སྒྲིག་བྱས་ཏེ།
བོད་ཀྱི་དུད་ཁྱིམ་ཁྲི་1.9ཙམ་གྱི་མང་ཚོགས་ལ་ལག་ཁྱེར་རག་པ།
འདི་ནི་མང་ཚོགས་ཀྱིས་ཁང་པའི་བདག་དབང་ལག་ཁྱེར་གྱི་ཆ་འཕྲིན་ལ་ཞིབ་སྡུར་བྱེད་བཞིན་པ།
ཉེ་ཆར། གསར་འགོད་པས་འགུལ་མེད་རྒྱུ་ནོར“ཐོ་འགོད་དཀའ་བ”བཅོས་སྒྲིག་དང་མང་ཚོགས་ཀྱི་འཕྲལ་མཁོ་དཀའ་ངལ་སེམས་ཁྲལ་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། 2024ལོའི་ཟླ་4པར་རང་ལྗོངས་སུ་འགུལ་མེད་རྒྱུ་ནོར“ཐོ་འགོད་དཀའ་བའི”གནད་དོན་ཆེད་དམིགས་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན། རིམ་རྩིས་བརྒྱབ་ན་འགུལ་མེད་རྒྱུ་ནོར“ཐོ་འགོད་དཀའ་བའི”ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཁག་158ཐག་གཅོད་བྱས་ནས་ཐག་གཅོད་བྱེད་ཚད་94%ཟིན་པ་དང་། དུད་ཁྱིམ་18717གྱི་མང་ཚོགས་ལ་འགུལ་མེད་རྒྱུ་ནོར་ཁང་པའི་བདག་དབང་ལག་ཁྱེར་རག་ནས་བློ་ཡིད་བདེ་པོ་བྱུང་བ་རེད།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མངག་སྡོད་རང་བྱུང་ཐོན་ཁུངས་ཐིང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་བྱེད་པོའི་འགན་འཁྲི་རྒྱུན་མཐུད་ནན་དུ་བཏང་བ་དང་དེ་བཞིན་ལྟ་སྐུལ་དང་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་པ། འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་ནས་བཅོས་སྒྲིག་ལས་དོན་ཏན་ཏིག་དོན་འཁྱོལ་ཡོང་བར་འགན་སྲུང་བྱས་ཡོད། ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་སྐབས། རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་ས་གནས་ཁག་ཏུ་བསྐྱོད་ནས་ཡུལ་དངོས་ལ་བརྟག་ཞིབ་བྱས་པ་དང་། ས་གནས(གྲོང་ཁྱེར)དང་རྫོང(ཆུས། གྲོང་ཁྱེར)ཁག་གི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་ཐབས་ལམ་མང་པོ་ནས་གནས་ཚུལ་གསེད་བཀྲོལ་བྱས་ཤིང་། མིག་སྔའི་བར། ལྗོངས་ཡོངས་ཀྱིས་འགུལ་མེད་རྒྱུ་ནོར“ཐོ་འགོད་དཀའ་བའི”ལོ་རྒྱུས་ཤུལ་ལུས་གནད་དོན་ཁག་167གྲལ་བཤེར་བྱས་པ་དང་། དུད་ཁྱིམ་34221གི་མང་ཚོགས་དང་འབྲེལ་བ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།