གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས།
མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ།
འདི་ནི་གསོ་སྦྱོང་བྱ་ཡུལ་ཡིན་པ།
ཉེན་རྟོག་པ་ཡོངས་ཀྱི་དངོས་འཐབ་ནུས་པར་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། “ཉེན་རྟོག་པ་རེར་རྩལ་མང་བྱང་ཐབས”འཛུགས་སྐྱོང་དམིགས་ཚད་འགྲུབ་ཆེད། ཉེ་ཆར། 2025ལོའི་ཉེན་རྟོག་པ་ཡོངས་ཀྱི་ཞོགས་པའི་སྦྱོང་བརྡར་དང་གཟའ་པ་སངས་ཀྱི་ནང་སྦྱོང་བླང་བྱར་གཞིགས་ཏེ། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་དོན་སྒྲིག་ཆས་གསར་པའི་མི་སྣ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། “གནམ་ས་གཞི་གཅིག”གི་ཉེན་དོན་སྒྲུབ་སྟངས་འཛུགས་སྐྱོང་བྱ་རྒྱུ་སྣེ་འདྲེན་དུ་བྱས་ཏེ་ཉེན་རྟོག་པས་མི་མེད་གནམ་གྲུ་བཀོལ་སྤྱོད་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་བྱས་པ་རེད།
གསོ་སྦྱོང་བྱེད་རིང་། དམའ་དབྱིངས་ཉེན་དོན་གཞུང་ལས་ཁང་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་མེད་གནམ་གྲུ་གཏོང་མཁན་སློབ་ཁྲིད་དགེ་རྒན་རིམ་པ་བཞིན་འོང་སྟེ། གསོ་སྦྱོང་ནང་ཞུགས་མཁན་མི་དམངས་ཉེན་རྟོག་པ་དང་། ལས་རོགས་ཉེན་རྟོག་པར་ཆེད་ལས་ཀྱི་སློབ་ཚན་ཁྲིད་ཅིང་། བཀོལ་སྤྱོད་ཀྱི་སློབ་ཚན་ཁྲིད་པའི་སྐབས། ནང་སྦྱོང་ནང་ཞུགས་མཁན་ཚོས་ཚོགས་ཆུང་བགོས་ཏེ་མི་མེད་གནམ་གྲུ་འཕུར་འབབ་བཀོལ་སྤྱོད་དང་། ལམ་ཐིག་འཆར་འགོད། དམིགས་ཚད་རྗེས་སྙེག དམར་ཕྱིའི་ཚ་གྲུབ་བརྙན་ལེན་མྱུལ་ཞིབ། བར་སྣང་ནས་སྐད་འབོད་དང་གནམ་གྲུ་མང་པོས་མཉམ་དུ་ལས་སྒྲུབ་བྱེད་པ་སོགས་ཀྱི་ཆེད་དོན་སྦྱོང་བརྡར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།