ལྷ་ས་གྲོང་ཁྱེར་མེ་ཟོན་སྒྲོག་འགྲེལ་ཚོགས་པས།
མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་བསྟུད་མར་སྤེལ་བ།
མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་མི་ཚོགས་སྟུག་སར་མེ་སྤྱོད་ལས་སྒྲུབ་དང་ཨར་སྐྲུན་གྱི་དྲོད་སྲུང་རྒྱུ་ཆའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”ཡིས་གནས་མང་པོར་བཀོད་སྒྲིག་དང་མཉམ་དུ་ནུས་ཤུགས་བཏོན་ནས། རྣམ་པ་མང་བ་དང་། ཕྱོགས་ཡོངས། ཕྱོགས་བསྡུས་བཅས་ཀྱི་སྒོ་ནས་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཏེ། མེ་ཟོན་དྲིལ་བསྒྲགས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་བར་བྱས་ཡོད།
དགེ་རྒན་འཆད་ཁྲིད་ཚོགས་པའི་ཁོངས་མིས་ཁེ་ལས་དང་ཚན་པ་ཁག་ཏུ་བསྐྱོད་དེ་གཅིག་སྡུད་ངང་སྦྱོང་བརྡར་སྒྲིག་འཛུགས་བྱས་ཤིང་། ཁྲོམ་གཞུང་སྡེ་ཁུལ་གྱི་དུད་ཚང་ནང་བསྐྱོད་དེ་དྲིལ་བསྒྲགས་བྱས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ནང་ཁུལ་གྱི་ཞིབ་འགོད་སྤྱི་བསྒྲགས་ནན་དུ་གཏོང་བ། ལས་སྒྲུབ་པའི་དོ་དམ་ནན་དུ་གཏོང་བ། ལས་སྒྲུབ་བྱ་ཡུལ་གྱི་དོ་དམ་ནན་དུ་གཏོང་བ། གཏན་འབེབས་ལས་འགལ་ནས་མེ་སྤྱོད་པར་ཐེར་འདོན་ལ་ལྕག་སྐུལ་གཏོང་བ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། བྱེད་སྤྱོད་གང་ཞིག་ནི་མེ་སྤྱོད་ལས་སྒྲུབ་དང་གཏན་འབེབས་ལས་འགལ་ནས་མེ་སྤྱོད་པའི་ཆད་གཅོད་ཀྱི་གཏན་འབེབས་ཁོངས་སུ་གཏོགས་ཚུལ་དང་། མེ་སྤྱོད་ལས་སྒྲུབ་ཀྱི་ཐེར་འདོན་ཁ་པར་ཨང་གྲངས་སོགས་ཀྱི་ནང་དོན་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་རེད།
འབྲེལ་ཡོད་གསར་འགྱུར།