དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆུ་ཁར་རླུང་འཚུབ་དྲག་པོ་ལྡང་། ཉེན་ཁའི་གནས་ལས་ཚེ་སྲོག་བསྐྱབས།

    —— མཛོ་སྒང་ནགས་ཚལ་མེ་གསོད་རུ་འབྲིང་གིས་ས་མཐོའི་ཆུ་མཛོད་དུ་དམག་སྦྱོང་བྱས་ནས་ཚེ་སྲོག་གི་འཛིང་རགས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    འདི་ནི་དམག་སྦྱོང་སྐབས་མེ་གསོད་རུ་མིས་གྲུ་གཟིངས་བཏང་ནས་ཆུར་ལྷུང་བའི་མི་སྐྱོབ་བཞིན་པ།

    འདི་ནི་དམག་སྦྱོང་སྐབས་མེ་གསོད་རུ་མིས་གྲུ་གཟིངས་ཨ་སློག་ཐེབས་པ་ལས་ཐར་ཐབས་བྱེད་བཞིན་པ།

    ཟླ་7ཚེས་16ཉིན། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་ཆུ་མཛོད་ཅིག་ཏུ་མེ་གསོད་རུ་མིས་དུས་ཚོད་དམ་འཛིན་གྱིས་སྲོག་ཉེན་ལས་སྐྱོབ་པའི་དམག་སྦྱོང་ཞིག་བྱེད་བཞིན་ཡོད།

    འདི་ག་ནི་མཛོ་སྒང་ནགས་ཚལ་མེ་གསོད་རུ་འབྲིང་གི་གྲུ་གཟིངས་ཚན་པའི་དངོས་འཐབ་ཅན་གྱི་དམག་སྦྱོང་བྱ་ཡུལ་ཡིན་ཞིང་། ས་མཐོའི་ཉི་འོད་རབ་ཏུ་འཚེར་ཞིང་ཆུ་ཁར་རྦ་རླབས་གཡོ་བའི་ཁྲོད། སྐྱོབ་གོས་སེར་པོ་གྱོན་པའི་མེ་གསོད་རུ་མིས་ཆུ་ཁོངས་སུ་དམག་འཐབ་དྲག་པོ་ཞིག་བྱས་པ་རེད། རོགས་སྐྱོབ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་མིན་པ་སྟེ། ཆུ་ངོས་ལྷིང་འཇགས་ལྟ་བུར་སྣང་ཡང་དོན་དུ་ཆུ་ཤུགས་ཆེ་བས། དྲག་ཏུ་རྒྱུག་པའི་ཆུ་བོས་གྲུ་གཟིངས་མགོ་རྟིང་སློག་པའི་ཉེན་ཁ་ཡོད། དེ་ལྟར་དཔོག་པར་དཀའ་བའི་དྲག་རླུང་གིས་རྐྱེན་པས་བཀའ་བརྡ་ལ་ཡང་འཕྲལ་མར་འགྱུར་ལྡོག་གཏོང་དགོས་ཀྱི་ཡོད། ས་བབ་མཐོ་ཚད་སྨི་3800ཟིན་པའི་ས་མཐོར་ཆུ་གཏིང་གི་གང་སར་ཉེན་ཁས་ཁེངས་ཀྱང་མེ་གསོད་རོགས་སྐྱོབ་རུ་མི་ཚོ་གྲུ་གཟིངས་ནང་བྲག་བཞིན་བརྟན་པོར་གནས་པ་དང་། ཁོ་ཚོའི་གཞུ་ལྟར་སྒུག་པའི་རྒྱབ་གཞུང་ནི་རྒྱུག་ཆུ་འགོག་པའི་བྲག་རྡོ་ལྟར་བརྟན་ཞིང་། གྲུའི་ཁ་ཕྱོགས་སྒྱུར་རིམ་བཞིན་གནས་སར་མི་འཕྱུགས་པར་བསྡིར་ནས་དགྲ་བོར་དོགས་ཟོན་བྱ་རྒྱུ་དེ་དམག་འཐབ་དངོས་ཀྱི་འཇོན་ཐང་ལ་འགྱུར་བར་བྱས་ཡོད།

    མཛོ་སྒང་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གིས་སྦྱོང་བརྡར་ཚ་ཚ་འུར་འུར་ངང་བྱས་ཤིང་། རོགས་སྐྱོབ་བྱེད་མཁན་གྱིས་ཆུར་མཆོངས་ཏེ་ཆུ་ནང་དུ་ཟགས་པའི་མི་སྣ་ནུས་ཤུགས་ཡོད་རྒུས་གྲུ་ཁར་ཁྲིད་འོངས་ནས། ཛ་དྲག་གི་ཉེན་ཁ་འདྲ་བཟོའི་ཁྲོད་འཕྲལ་ཐག་ཆོད་པོ་དང་སྲོག་ཉེན་ལ་མི་འཛེམ་པར་མི་སྐྱོབ་པའི་ལས་ལ་གཞོལ་ཡོད།

    “དཔུང་རུས་འཕྲལ་མར་མཉམ་དུ་རོགས་སྐྱོབ་བྱེད་པར་སྐྱོད་ཅིག” “མདུན་ཕྱོགས་ཀྱི་ཆུ་ངོས་སུ་གནས་ཚུལ་ཡོད་བཟོ་འདུག གྲུ་གཟིངས་མ་འཁྱོམས་པ་གྱིས་ཤིག”སོགས། རླུང་འཚུབ་དྲག་པོ་ལྡང་བ་དང་རྦ་རླབས་ཆལ་ཆིལ་དུ་གཡོ་བའི་ཁྲོད་ནས་ཛ་དྲག་གི་བཀའ་བརྡ་བཏང་ཡོད། དེ་ནི་གྲུ་གཟིངས་དཔུང་རུས་མཉམ་དུ་འཕྲལ་སྒྲུབ་དམག་སྦྱོང་བྱེད་པའི་རྣམ་པ་ཡིན། རུ་མི་ཚོ་ཉ་མོ་ཆུ་ནང་དུ་འཁྱུག་འགྲོད་བྱེད་པ་བཞིན་འཕྲལ་མར་ཆུ་ལམ་གཤགས་ནས་གྲུ་གཟིངས་ཀྱི་རུ་སྟར་ཡང་སེ་བསྒྱུར་ཏེ། ས་གནས་ས་ཐོག་གི་བཀོད་འཐབ་པས་བཀོད་སྒྲིག་བྱས་པའི་ཐོལ་བྱུང་གི་ཉེན་ཁའི་ཚོད་བགམ་ལ་ཁ་གཏད་བཅག་ཡོད།

    “གྲུ་གཟིངས་ཀྱི་ཁ་ཕྱོགས་སྒྱུར་ཐེངས་རེ་རེ་ནི་འཆི་གསོན་ལ་ཐུག་པ་ཞིག་ཡིན། དྲག་ཆར་རླུང་འཚུབ་ཁྲོད་ནས་སྐྱོབ་རོགས་ཞུ་བའི་སྒྲ་གོ་མ་ཐག ‘སྔོན་སྦྱོང’ཚང་མ་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི‘དངོས་འཐབ’ཅིག་ཏུ་འགྱུར་དགོས”ཞེས་སྦྱོང་བརྡར་བྱས་གསོད་མ་ཐག་པའི་མེ་གསོད་རུ་མིས་དབུགས་ཧད་བཞིན་དུ་དེ་ལྟར་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།