དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དངོས་འཐབ་ནང་སྦྱོང་བྱས་ནས་དམག་ཧྲག་གསོ་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ཉེ་ཆར་ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས། ཉེན་རྟོག་པ་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་དངོས་འཐབ་ནང་སྦྱོང་བྱས་ཏེ་གནས་སྤོས་ཡུལ་མི་དོ་དམ་དཔུང་ཁག་གི་འཐབ་འཛིང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད།

    ཉེན་དོན་དངོས་འཐབ་སློབ་ཁྲིད་དམག་དཔོན་གྱིས་རྒྱུན་སྤྱོད་ཉེན་རྟོག་གོ་མཚོན་བེད་སྤྱོད་རྩལ་ནུས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ཚོགས་ཆུང་བགོས་ནས་སྦྱོང་བརྡར་བྱེད་པ་དང་ཡུལ་རྣམ་ནང་སྦྱོང་བྱེད་པ་བརྒྱུད། འགུལ་སྐྱོད་ཚད་ལྡན་དང་། ཐག་གཅོད་བརྒྱུད་རིམ། ཉེན་རྟོག་ཚོགས་ཆུང་གི་གཞོགས་འདེགས། བར་ཐག་ཚོད་འཛིན་བཅས་བྱེད་དགོས་པའི་ནན་བཤད་བྱས་པས་མི་དམངས་ཉེན་རྟོག་པས་ལས་འགན་ལག་བསྟར་བྱེད་རིང་ཉེན་དོན་དངོས་འཐབ་རྩལ་ནུས་བཀོལ་སྤྱོད་བརྒྱུད་རིམ་ཁོང་དུ་ཆུད་པ་དང་། མི་དམངས་ཉེན་རྟོག་པའི་དངོས་འཐབ་ནུས་པ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་བབ་བསྟུན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།