དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་ཁྲག་སྦྱིན་འབུལ་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    འདི་ནི་ཚང་མས་ཁྲག་སྦྱིན་འབུལ་གྱི་བརྒྱུད་རིམ་ལྟར། གོ་རིམ་ལྡན་པའི་སྒོ་ནས་ཁྲག་སྦྱིན་པ་གཏོང་བཞིན་པ།

    སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ནགས་ཚལ་མེ་གསོད་དཔུང་ཁག་གི་འགན་འཁྲི་འཁུར་སེམས་མཚོན་ཆེད། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྱིས་གཞིས་རྩེ་གྲོང་ཁྱེར་ལྟེ་གནས་ཁྲག་མཛོད་དང་མཉམ་འབྲེལ་བྱས་ནས་བཀོད་འཐབ་པ་ཡོངས་སྒྲིག་འཛུགས་བྱས་ཏེ་ཁྲག་སྦྱིན་འབུལ་བྱེད་སྒོར་ཧུར་ཐག་ཞུགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ལ་བཀོད་འཐབ་པ་ཚོའི་སྤྲོ་སེམས་ཀྱང་ཧ་ཅང་ཆེ་ཞིང་། ཁྲག་མཛོད་ཀྱི་ལས་དོན་མི་སྣའི་ཁྲིད་སྟོན་འོག ཚང་མས་ཁྲག་སྦྱིན་འབུལ་གྱི་བརྒྱུད་རིམ་ནན་པོ་ལྟར་ཐོ་འགོད་དང་རེའུ་མིག་རྒྱོང་བ་དང་། བདེ་ཐང་བློ་འདྲི་བྱེད་པ། ཁྲག་དབྱེ་བཤེར་བྱེད་པ་སོགས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། བཀོད་འཐབ་པ་ཚང་མས་བློ་རྩེ་གཅིག་སྒྲིམ་དང་གཞོགས་འདེགས་ཧུར་ཐག་བྱས་ནས་ཁོ་ཚོའི་སྒྲིག་ཁྲིམས་རང་བཞིན་དང་བྱང་ཚད་བཟང་པོ་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།