དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • གོ་འཇོ་རྫོང་མེ་གསོད་རུ་ཁག་གི་རུ་མིས་ཚོང་དུད་ལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    འདི་ནི་མེ་གསོད་ལས་དོན་པས་ཚོང་དུད་ལ་མེ་གསོད་ཤེས་བྱ་དྲིལ་བསྒྲགས་བྱེད་པ།

    ཁོངས་གཏོགས་ཁུལ་གྱི་མེ་གསོད་བདེ་འཇགས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་མེ་སྐྱོན་གྱི་དོན་རྐྱེན་ཚབས་ཆེན་གཏན་འགོག་བྱ་ཆེད། ཉེ་ཆར་གོ་འཇོ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་དུ་མེ་གསོད་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། སྤྱི་ཚོགས་ཐོག་གི་མེ་གསོད་བདེ་འཇགས་འགན་ལེན་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚོང་ཁང་གི་སྦྱིན་བདག་དང་དེ་བཞིན་ཉེ་འཁོར་གྱི་གྲོང་མིར་ཁྱིམ་ཚང་གི་མེ་དང་། གློག སོལ་རླངས་སོགས་སྤྱོད་སྐབས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་མེ་གསོད་ཤེས་བྱར་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་མ་ཟད། མེ་ཤོར་ས་ནས་བྲོས་ཐབས་དང་། མེ་ཆུང་ངུ་ནས་གསོད་ཐབས། རང་སྐྱོབ་བྱེད་སྟངས་བཅས་ཀྱང་བསླབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།