དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས།

    “ཁྲིམས་སྐྱོང་སྟེགས་བུ”བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོའི་རྟ་རྒྱུག་འགྲན་བསྡུར་གཉེར་ཞིང་། ས་གནས་ས་ཐོག་ཏུ་རྟ་ཕོའི་རྨིག་སྒྲ་དང་། མི་ཚོགས་ཀྱི་འུར་སྒྲ་གྲགས་ནས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས། ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས་མང་ཚོགས་མང་པོ་འོང་བ་གོ་སྐབས་སུ་བྱས་ཏེ་འཕྲལ་མར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི“ཁྲིམས་སྐྱོང་སྟེགས་བུ”བཙུགས་ནས། བློ་ངོར་འཆར་དཀའ་བའི་བཅའ་ཁྲིམས་ཀྱི་དོན་ཚན་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་ནས་ཞིང་འབྲོག་མང་ཚོགས་ལ་ཁྱབ་གདལ་བཏང་ཡོད།

    བྱེད་སྒོ་སྤེལ་རིང་། འབྲོག་པ་མང་ཚོགས་ཀྱིས་ཞིབ་ཚགས་པོས་དྲིལ་བསྒྲགས་ལག་དེབ་ལ་བལྟས་ཏེ་རང་ཉིད་ཀྱི་བདེ་རྩ་དང་འབྲེལ་བའི་གཉེན་སྒྲིག་དང་ཁྱིམ་ཚང་དང་། རྒྱུ་ནོར་རྒྱུན་འཛིན། གྲོང་པ་ཁྱིམ་མཚེས་དབར་གྱི་རྩོད་གཞི། རྩྭ་རའི་ཁེ་དབང་སྲུང་སྐྱོང་སོགས་བཅའ་ཁྲིམས་ཀྱི་གནད་དོན་ཁྲིམས་ཁང་གི་ཉེན་རྟོག་ལས་བྱེད་པར་བློ་འདྲི་བྱས་པ་དང་། “སྟེགས་བུའི་ཁྲིམས་དཔོན་གྱིས”ཀྱང་གོ་བདེ་ཤེས་སླའི་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་ནས་བཅའ་ཁྲིམས་ཀྱི་དོན་ཚན་རྒྱུན་གཏན་འཚོ་བའི་ནང་གླེང་མོལ་བྱེད་བཞིན་ཚང་མར་ཁྲིམས་བཀུར་དང་། ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་པ་མ་ཟད། མང་ཚོགས་ལ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོའང་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།