ཉེན་རྟོག་པའི་སེམས་ཁམས་བདེ་ཐང་ལ་སྣང་ཆེན་བྱེད་པ།
འདི་ནི་སྤྲོ་སྣང་འཕེལ་བའི་བྱེད་སྒོ་སྤེལ་བཞིན་པ།
ཉེ་ཆར། ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ་དང་ཕན་པ་སྐྲུན་པའི་བྱ་ཐབས་དོན་འཁྱོལ་དང་ཉེན་རྟོག་པའི་ལས་ཀའི་གནོན་ཤུགས་ཆུང་དུ་གཏོང་བར་ཁྲིད་སྟོན་བྱ་ཆེད། སྤྱི་བདེ་པུའུ་སེམས་ཁམས་བདེ་ཐང་ཞབས་ཞུ་ལས་དོན་རུ་ཁག་གིས་ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་བསྐྱོད་དེ་དྲོ་སྐྱིད་ལྡན་པའི་སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་བྱེད་སྒོ་སྤེལ་བ་རེད།
“ད་ཐེངས་ང་ཚོས་གཙོ་བོ་བོད་དུ་ཡོད་པའི་མི་དམངས་ཉེན་རྟོག་པའི་ལས་ཀ་དང་འཚོ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། ཚོགས་པའི་སེམས་ཁམས་ཟུར་ཁྲིད་དང་། ཕ་མ་དང་ཕྲུ་གུའི་འབྲེལ་བ། གནོན་ཤུགས་ཞི་ལྷོད་དུ་གཏོང་བ། སེམས་ཁམས་སློབ་གསོ་སོགས་ཆེད་དོན་ཚོགས་ཆུང་ཁག་བཙུགས་ཏེ། ས་གནས་ས་ཐོག་ཏུ་མཉམ་འགུལ་དང་། ཕན་ཚུན་མཉམ་སྤྱོད། རིགས་པའི་གཞུང་ལུགས་འཆད་འགྲེལ། དངོས་དཔེ་དྲངས་པ་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་བརྒྱུད། ཚང་མར་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་དབྱེ་ཞིབ་བྱས་པ་མ་ཟད། རྒྱུན་མཐོང་གི་སེམས་ཁམས་བདེ་ཐང་གི་གནད་དོན་ཞི་ལྷོད་དུ་ཇི་ལྟར་གཏོང་དགོས་ལུགས་སྐོར་གྱི་སློབ་ཁྲིད་བྱས་ཡོད”ཅེས་ལས་དོན་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད།
མཉམ་འགུལ་བྱེད་རིང་། སེམས་ཁམས་དགེ་རྒན་གྱིས་གོ་བདེ་ཤེས་སླ་དང་དགོད་བྲོ་བའི་སྐད་ཆར་བརྟེན་ནས་སེམས་ཁམས་རིག་པའི་ཤེས་བྱ་དང་སྤྱི་བདེའི་ལས་དོན་མཉམ་འདྲེས་བྱས་ཏེ་ཚོགས་པའི་སེམས་ཁམས་ཟུར་ཁྲིད་སྒྲིག་འཛུགས་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཉེན་རྟོག་པས་ཧུར་ཐག་ཞུགས་པ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཕན་ཚུན་མྱོང་ཚོར་སྤེལ་རེས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།