དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེའི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་སྒར་སའི་གཞས་པ་ཡག་ཤོས་བཅུའི་འགྲན་བསྡུར་ཆེན་པོ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི“གངས་ལྗོངས་ཀྱི་ཉེན་རྟོག་པའི་དབྱངས་སྒྲ། བརྗིད་ཆེའི་བོད་ཀྱི་ལེའུར་བསྟོད་གླུ་འབུལ”ཞེས་པའི་ཉེན་རྟོག་སྒར་སའི་གཞས་པ་ཡག་ཤོས་བཅུའི་འགྲན་བསྡུར་ཆེན་པོ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་སུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།

    དེ་ཉིན་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་དེ་བཞིན་གཞིས་རྩེའི་མེ་གསོད་ཡན་ལག་རུ་ཁག་དང་། མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་གཞིས་རྩེའི་འབབ་ཚུགས་མངགས་གཏོང་ཁང་སོགས་ཚན་པ་ནས་ཡོང་བའི་བདམས་ཐོན་པ་21གིས་སྤྱི་བདེའི་བྱ་གཞག་ལ་དགའ་ཞེན་དང་བོད་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ། གར་སྟེགས་ཐོག་ཉམས་འགྱུར་བཟང་པོ་མངོན་པ་རེད།

    འགྲན་བསྡུར་དྲག་པོ་དང་ཆེད་ལས་ཞིབ་དཔྱད་བྱས་པ་བརྒྱུད། དས་ཐེངས་ཀྱི་འགྲན་བསྡུར་དེར་ཉེན་རྟོག་སྒར་སའི་གཞས་པ་ཡག་ཤོས་བཅུ་དང་དེ་བཞིན་དགའ་བསུ་ཐོབ་མང་ཤོས་ཀྱི་བྱ་དགའ་དང་ཉམས་འགྱུར་ཡག་ཤོས་ཀྱི་བྱ་དགའ་ཐོབ་མཁན་བདམས་ཐོན་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“གངས་ལྗོངས་ཀྱི་ཉེན་རྟོག་པའི་དབྱངས་སྒྲ། བརྗིད་ཆེའི་བོད་ཀྱི་ལེའུར་བསྟོད་གླུ་འབུལ”ཞེས་པའི་ཉེན་རྟོག་སྒར་སའི་གཞས་པ་ཡག་ཤོས་བཅུའི་འགྲན་བསྡུར་བརྒྱུད། སྤྱི་བདེ་ལས་བྱེད་ཉེན་རྟོག་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་དཔུང་ཁག་གི་གོང་བུ་སྒྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཆེ་རུ་ཕྱིན་པ་མ་ཟད། རིག་གནས་འབྲེལ་ཐག་ཏུ་བྱས་ནས་སྤྱི་བདེ་དཔུང་ཁག་དང་མང་ཚོགས་ཀྱི་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བའི་རྣམ་པ་ཟབ་མོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།