དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྱི“དོན་དག་གཅིག”འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྱི“དོན་དག་གཅིག”འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས“དོན་དག་གཅིག”འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རིང་གི་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལས་དོན་གྱི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས“རྟེན་འབྲེལ་ཆེན་མོ་བསུ་བ་དང་བདེ་འཇགས་འགན་ལེན་བྱེད་པའི”གཙོ་རྐང་དེར་དམ་པོར་དམིགས་ཏེ་སྔར་བས་དམ་འཛིན་དང་། སྔར་བས་ཞིབ་ཚགས། སྔར་བས་ཏན་ཏིག་བཅས་ཀྱི་སྤྱོད་ཚུལ་དང་བྱ་ཐབས་ལ་བརྟེན་ནས“དོན་དག་གཅིག”འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།