“རྟ་ཐོག་ཁྲིམས་ར”ནས“འཁོར་ཐོག་ཁྲིམས་རའི”བར་གྱི་འགྱུར་ལྡོག
—— བོད་ལྗོངས་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་པའི་སྐོར་བཀོད་པ།
འདི་ནི་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོག་བཞིན་པ།
གསར་རྙིང་ལས་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་ལྟ།
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལོ་རྒྱུས་ཁང་དུ་སྐྱོད་སྐབས། ལོ་རྒྱུས་ཀྱི་དྲན་འཆར་མངོན་པའི་འདྲ་པར་གཉིས་ཀྱི་འོག་ན“འདི་ནི་ལོ་རབས་80པར་མི་དམངས་ཁྲིམས་དཔོན་གྱིས་གུར་ནང་དུ་དམངས་དོན་རྩོད་གཞི་འདུམ་འགྲིག་བྱེད་པ”དང“འདི་ནི་2009ལོར་བོད་ཀྱི་ཁྲིམས་ཁང་གི་འཁོར་ཐོག་ཁྲིམས་རའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན”ཞེས་བྲིས་འདུག
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། ལྗོངས་ཡོངས་ཀྱི་ལས་རིགས་ཁག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། བོད་ཀྱི་ཁྲིམས་ཁང་གིས་ཀྱང་དམངས་ཆེད་ཁྲིམས་འཛིན་པའི་ལག་ལེན་གྱི་བརྒྱུད་རིམ་ཁྲོད་ཁྲིམས་འཛིན་འདྲི་གཅོད་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ། “ཁྲིམས་འཛིན་གྱོད་གཞིའི་ཁྲོད་མི་དམངས་མང་ཚོགས་ཚོས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱ་རྒྱུའི”ལས་ཀའི་དམིགས་ཚད་ལ་དམིགས་ནས་དུས་རབས་གསར་པའི་ཁྲིམས་སྐྱོང་གཏམ་རྒྱུད་བརྗོད་ཡོད།
རྟ་བཞོན་ནས་གྲོང་གསེབ་ཏུ་བསྐྱོད་དེ་རྩོད་གཞི་ཐག་གཅོད་བྱས་པ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་དུས་གཅིག་ཏུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་བོད་ལྗོངས་ཡན་ལག་ཁང་ཞེས་པ་དེ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཞེས་པར་མིང་བསྒྱུར་ནས། གངས་ལྗོངས་ས་མཐོར་སྲིད་དོན་དམངས་ཆེད་དང་དྲང་གཞག་ཁྲིམས་འཛིན་ལག་ལེན་བསྟར་འགོ་ཚུགས།
མཐའ་མཚམས་དང་མི་རིགས་གཅིག་སྡུད་དང་། དབུལ་པོ་གཅིག་སྡུད་ཡུག་སྦྲེལ། དར་རྒྱས་འགོར་བ་བཅས་ཀྱི་བོད་དུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། ས་ཚིགས་མང་ཞིང་ལམ་ཐག་རིང་བ། གྲང་ངར་ཆེ་ལ་གསོ་རླུང་དཀོན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ། སྤྱིའི་མི་འབོར་གྱི་80%ཡན་བཟུང་བའི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་བཅས་ཀྱི་ལྗོངས་བབ་དང་། གཞི་རིམ་ཁྲིམས་ཁང་དུ་གྱོད་གཞི་མང་བ་དང་ལས་དོན་པ་ཉུང་བ་དང་། ཤང་དང་གྲོང་རྡལ་གྱི་མི་དམངས་ཁྲིམས་ཁང་འཛུགས་སྐྲུན་རྗེས་སུ་ལུས་པ། ཁྱབ་རྒྱ་ཆུང་བ་བཅས་ཀྱི་ཁྲིམས་ཁང་ལས་དོན་གྱི་དོན་དངོས་ཀྱི་གནས་ཚུལ་འོག“རྟ་ཐོག་ཁྲིམས་ར”དང“སྦྲ་གུར་ཁྲིམས་ར”རིམ་གྱིས་དར་ཡོད།
རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ལྷག་པ་དབང་འདུས་བོད་ཀྱི་ཁྲིམས་ཁང་ཁོངས་གཏོགས་སུ་ལས་ཀ་བྱེད་མྱོང་ཡོད། ལོ་40ཙམ་གྱི་ལས་ཀའི་བརྒྱུད་རིམ་ལ་ཕྱིར་མིག་ལྟ་སྐབས། ཆ་རྐྱེན་སྐྱོ་བའི་ལོ་རབས་དེར་གཤམ་སྐྱོད་བྱེད་རིང་མང་ཚོགས་ཀྱི་ཁྱིམ་ནས་སྒོ་ང་ཟ་མྱོང་བའི་གནས་ཚུལ་ད་དུང་སེམས་ལ་ངེས་ཡོད།
1986ལོར། ལྷག་པ་དབང་འདུས་སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་དུ་ལས་བགོས་བརྒྱབ། ལྷ་ས་ནས་ཉིན་གཅིག་རིང་འགྲུལ་སྐྱེལ་རླངས་འཁོར་བསྡད་ཚེ་གཞི་ནས་སྙེ་མོར་འབྱོར་གྱི་ཡོད། ལྷག་པ་དབང་འདུས་ཀྱིས་སྐབས་དེར་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་སྒོ་ར་གཅིག་ནང་ལས་ཀ་བྱེད་པ་དང་ཁྲིམས་ཁང་ལ་གཞུང་ལས་ཁང་ཁང་མིག་གཉིས་ལས་མེད། གཞུང་ལས་ཁང་ཡང་བོད་བཟོའི་ཁང་པ་རྙིང་པ་ཞིག་ཡིན་པ་དང་གཞུང་ལས་སྒྲུབ་བྱེད་ཀྱི་སྒྲོག་རྩེ་དང་རྐུབ་སྟེགས་ནི་རྙིང་ཧྲུལ་དང་གཞུང་ལས་ཁང་གི་དེང་དུས་ཀྱི་ལག་ཆ་ཟེར་ཡང་པེ་ཅིང་རྟགས་ཅན་གྱི་ཅི་ཕུའུ་རླངས་འཁོར་རྙིང་པ་གཅིག་དང་ལག་ཡོར་ཁ་པར་གཅིག་ལས་མེད་ཅེས་དྲན་གསོ་བྱེད་བཞིན་དུ་བཤད།
ཁྲིམས་ར་དང་སྔོན་ཐོན་གྱི་གཞུང་ལས་སྒྲིག་ཆས་མེད་པས། ཁྲིམས་ར་ཚོགས་དགོས་ཚེ། རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཁང་པ་གཡར་བ་དང་དམངས་དོན་གྱོད་གཞི་འདུམ་འགྲིག་བྱེད་སྐབས་གཞུང་ལས་ཁང་ནི་འདུམ་འགྲིག་ཁང་རེད།
ལྷག་པ་དབང་འདུས་ཀྱིས་གསར་འགོད་པར“སྔོན་མ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་རིག་གནས་ཀྱི་ཆུ་ཚད་ཞན་པས། དོན་དག་འཕྲད་སྐབས་བཅའ་ཁྲིམས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་ཤེས་ཀྱི་མེད”ཅེས་བཤད།
མང་ཚོགས་ཀྱིས་ཞུ་གཏུག་རྒྱག་རྒྱུར་སྟབས་བདེ་སྐྲུན་པ་དང་ཏང་གི་ཁྲིམས་འཛིན་ཐུགས་ཁུར་དུས་ཐོག་ཏུ་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་སླེབས་པར་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་འདྲ་མཉམ་དང་། གཞུང་དྲང་། ནུས་ཆེ་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུ་ལོངས་སྤྱོད་ཐུབ་ཆེད། ཁྲིམས་དཔོན་རྒན་རབས་ཚོས་རི་ཀླུང་བརྒལ་ནས་འབྲོག་ཁུལ་དང་ཞིང་ནང་དང་མུ་ཁ་བཅས་སུ་བསྐྱོད་དེ་རྩོད་གཞི་ཐག་གཅོད་བྱས་ནས་ཁྲིམས་འཛིན་གྱི་ཞབས་ཞུ་ཧུར་ཐག་སྒྲུབ་ཀྱི་ཡོད།
“འཁོར་ཐོག་སྐོར་སྐྱོད་ཁྲིམས་རས”དམངས་ཆེད་ཁྲིམས་འཛིན་ལ་ཚན་རྩལ་གྱི་མཐུན་རྐྱེན་སྦྱར་བ།
བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། གཞི་རིམ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་རིམ་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་། ཁྲིམས་འཛིན་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པས། སྲོལ་རྒྱུན་གྱི“རྟ་ཐོག་ཁྲིམས་རའི”སྐོར་སྐྱོད་འདྲི་གཅོད་དེ་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་མཐུན་དཀའ་བར་གྱུར།
“འཁོར་ཐོག་སྐོར་སྐྱོད་ཁྲིམས་ར”ཞེས་བྲིས་པའི་བྱེས་བགྲོད་རླངས་འཁོར་ཞིག་མང་ཚོགས་ཀྱི་མིག་ལམ་དུ་ཐོན་པ་དེས“རྟ་ཐོག་ཁྲིམས་རའི”ཚབ་བྱས་ནས་ཁྲིམས་འཛིན་ཞབས་ཞུའི་ཕོ་ཉ་གསར་པ་ཞིག་ཏུ་གྱུར། 2009ལོའི་ལོ་འགོར། བོད་ལྗོངས་ཁྲིམས་ཁང་གིས་དམངས་ཕན་དམངས་བདེའི་ལས་དོན་སྤེལ་སྟངས་གསར་རྐྱང་ཞིག་བཏོན་པ་སྟེ། “འཁོར་ཐོག་སྐོར་སྐྱོད་ཁྲིམས་ར”དངོས་སུ་སྤྱོད་འགོ་ཚུགས་ནས་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74ཚང་མར་བྱེས་བགྲོད་རླངས་འཁོར་རེ་བཀོད་སྒྲིག་བྱས་ཏེ“སྐོར་སྐྱོད་འདྲི་གཅོད་ཁྲིམས་རའི”ཚབ་བྱས་ཤིང་། དེར་ལྟེབ་འཁོར་སྒྲོག་ཙེ་དང་རྐུབ་སྟེགས་དང་། ལག་ཁྱེར་གློག་ཀླད། པར་འཁོར། རྒྱལ་རྟགས། ཁྲིམས་དབྱུག འདྲི་གཅོད་གུར་སོགས་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་ཉེར་མཁོའི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད།
བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། བཀོད་སྒྲིག་བྱས་རྗེས་ཀྱི་ལོ་ལྔའི་རིང“འཁོར་ཐོག་སྐོར་སྐྱོད་ཁྲིམས་རས”རིམ་རྩིས་བརྒྱབ་ན་སྤྱི་ལེ་ཁྲི་1300བསྐྱོད་པ་དང་། སྐོར་སྐྱོད་གྱོད་སྒྲུབ་ཐེངས་40000ལྷག་ཙམ་བྱས་པ། གྱོད་གཞི་38000ལྷག་ཙམ་ཞིབ་གཅོད་བྱས་པ། གྱོད་གཞི་36000ལྷག་ཙམ་ཕྱིར་འཐེན་བྱས་པ། དམངས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་2000ལྷག་ཙམ་བསྒྲུབས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་5600ལྷག་ཙམ་བྱས་ཡོད།
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་དབྱིས་ངོ་སྤྲོད་བྱས་དོན།“མིག་སྔར་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74ལ་ཁྱོན‘འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར’ཆ་ཚང་100བཀོད་སྒྲིག་བྱས་ཤིང་། 5Gབརྡ་རྟགས་ཁྱབ་པའི་ས་ཆ་ཡིན་ཕྱིན“འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར”བརྒྱུད་གཞི་རིམ་ཁྲིམས་ཁང་དང་འབྲེལ་མཐུད་བྱས་ཏེ། གྱོད་གཞིའི་ཆ་འཕྲིན་དུས་ཐོག་ཏུ་བརྗེ་རེས་དང་། དྲ་ཐོག་ནས་མིང་རྟགས་བཀོད་དེ་རྒྱང་རིང་བཀོལ་སྤྱོད། བཅའ་ཁྲིམས་ཡིག་ཆ་ས་གནས་ས་ཐོག་ཏུ་སྐྱེལ་བ་བཅས་མངོན་འགྱུར་བྱུང་ཡོད”
ཁྲིམས་འཛིན་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་པ།
“རྟ་ཐོག་ཁྲིམས་ར”ནས“འཁོར་ཐོག་སྐོར་སྐྱོད་ཁྲིམས་ར”དང“འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར”བར་རིམ་སྤོར་བྱས་པ་ལས་བོད་ཀྱི་ཁྲིམས་ཁང་གིས“དོན་ཆེན་བཞིར”དམིཌ་པ་དང“འཛུཌ་གཏོད་བཞིར”ཤུཌ་བརྒྱབ་སྟེ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཆེད་ཁྲིམས་འཛིན་པའི་འགོ་བརྩམས་པ་རེད། 2024ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་གཞི་ཁྲི་10ལས་བརྒལ་བ་དང་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་སྟེ། དམངས་ཆེད་ཁྲིམས་འཛིན་པའི་ལག་ལེན་ས་མཐོར་རྩ་བ་ཚུགས་ནས་ཁྲིམས་འཛིན་གྱི་གྲུབ་འབྲས་ཡག་པོ་ཐོབ་ཡོད།
ཉེ་ཆར་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་གཏམ་སྟོད་ཤང་དབྱེ་དག་གཤིས་གྲོང་ཚོ་ཨུ་ལྷན་དུ་སྤོས་ནས་དམིགས་བསལ་གྱི་གྱོད་གཞི་ཞིག་ལ་སྐོར་སྐྱོད་འདྲི་གཅོད་བྱས་ཤིང་། གཏམ་སྟོད་ཤང་དབྱེ་དག་གཤིས་གྲོང་ཚོའི་རྒན་རྒོན་གཉིས་དབར་གྱི་འགལ་ཟླ་སེལ་ནས་མཐུན་འགྲིག་བྱུང་བ་རེད།
གྱོད་གཞི་འདི་བདག་སྤྲོད་བྱེད་སྐབས་ཁྲིམས་དཔོན་གྱིས་ད་དུང་གྱོད་གཞི་གཞན་གསུམ་གྱི་དོ་བདག་ཀྱང་གཏམ་སྟོད་ཤང་དུ་སྡོད་ཀྱི་ཡོད་པ་ཤེས། ཁྲིམས་དཔོན་གྱིས་འབྲེལ་གཏུག་བྱས་ནས་ཡུལ་དེ་གར་འདུམ་འགྲིག་བྱས་ཤིང་། བཅའ་ཁྲིམས་འགྲེལ་བཤད་དང་། གནས་ལུགས་གསལ་བཤད། ངང་རྒྱུད་རིང་པོས་ཁྲིད་སྟོན་བརྒྱུད། གྱོད་གཞི་གསུམ་ཀ་འདུམ་འགྲིག་གྲོས་མཐུན་བྱུང་བ་དང་སྐུལ་འདེད་ནུས་ལྡན་བཏང་བ་དང་དེའི་ཁྲོད་ཀྱི་གྱོད་གཞི་ཁག་གཅིག་རང་སར་ལག་བསྟར་བྱས་པས“གྱོད་གཞི་གཅིག་ཞིབ་གཅོད་དང་གྱོད་གཞི་མང་པོ་སྒྲུབ་གཉེར”བྱེད་པའི་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོཌ་ཚུན་དུ་བོད་ཀྱི་ཁྲིམས་ཁང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུཌ་གཏོད་ལ་ནུས་ཤུཌ་ཡོད་རྒུས་འདེཌ་སྐྱོར་དང་ཞབས་འདེགས་ཞུ་བཞིན་ཡོད། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་མི་རིགས་ཁག་གི་མང་ཚོཌ་ཀྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གཏུམ་སྤྱོད་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་པ། རང་འགུལ་ངང་ཁྲིམས་འཛིན་འགན་ནུས་སྣུར་སྲིང་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།