བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་རྐང་འཛིན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སྦྱོང་བརྡར་བྱས་པ།
འདི་ནི་གཅིག་སྡུད་སྦྱོང་བརྡར་བྱེད་བཞིན་པ།
ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ནས་རྐང་འཛིན་ལས་བྱེད་པ་སྒྲིག་འཛུགས་སྦྱོང་བརྡར་དང་སློབ་སྟོན་གྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དུས་ཡུན་ཟླ་བ་གཅིག་རིང་གི་རྐང་འཛིན་ལས་བྱེད་པའི་གཅིག་སྡུད་སྦྱོང་བརྡར་བྱས་པ་རེད། སྦྱོང་བརྡར་མ་བྱས་གོང་། དཔུང་སྡེ་དེས་སྦྱོང་བརྡར་གྱི་སྐུལ་སློང་ཚོགས་འདུ་འཚོགས་ཏེ། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གསལ་སྟོན་གྱིས་སྦྱོང་བརྡར་ནང་ཞུགས་པའི་རྐང་འཛིན་ལས་བྱེད་པ་ཚོས་ཆབ་སྲིད་ཐད་བསམ་བློ་མཐོ་རུ་གཏོང་བ་དང་། སྦྱོང་བརྡར་ཐད་ཚད་གཞི་ནན་དུ་གཏོང་བ། འཚོ་བའི་ཐད་རང་གཅུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“སློབ་སྟོན་དང་། སྦྱོང་བརྡར། དོ་དམ། སྲུང་སྐྱོང”བཅས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
ད་ཐེངས་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་གིས“རྩ་འཛིན་ལྟར་སྦྱོང་བརྡར་བྱེད་པ་དང་། ཚན་རིག་དང་མཐུན་པར་སྦྱོང་བརྡར་སྒྲིག་འཛུགས་བྱེད་པ། སྦྱོང་བརྡར་ནན་པོ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྦྱོང་བརྡར་གྱི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་པ་དང་སྦྱོང་བརྡར་གྱི་ནང་དོན་བཀོད་སྒྲིག་ལུགས་མཐུན་བྱས་ནས། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་། དཔེ་སྟོན་སློབ་ཁྲིད། བགྲོ་གླེང་སྤེལ་རེས། དཔྱད་ཞིབ་དཔྱད་བསྡུར་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་ཅིང་། གཅིག་སྡུད་སྦྱོང་བརྡར་དང་སློབ་སྟོན། དམག་ཁྲིད་དོ་དམ། བསམ་བློའི་སློབ་གསོ། བདེ་འཇགས་དོ་དམ་སོགས་ཀྱི་ནང་དོན་གཙོར་བཟུང་ནས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ཡོད།
གཅིག་སྡུད་སྦྱོང་བརྡར་བྱེད་རིང་། རྐང་འཛིན་ལས་བྱེད་པ་ཚོས་རྩ་གནད་དང་སློབ་དེབ་ལ་དམ་པོར་དམིགས་ནས་སློབ་ཁྲིད་ཀྱི་ཇུས་གཞིར་ཞིབ་འཇུག་ཡང་ཡང་བྱས་པ་དང་། ལྷུ་ཚིགས་ཇུས་འགོད་ཞིབ་ཚགས་བྱས་པ་མ་ཟད། སྦྱོང་བརྡར་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་བགྲོ་གླེང་སྤེལ་རེས་དང་། རུ་མིའི་སྣེ་ཁྲིད་དེ་བསམ་ཚུལ་མཉམ་སྤྱོད། སློབ་ཁྲིད་བྱེད་ཐབས་ལ་དཔྱད་བསྡུར་བཅས་བྱས་ཏེ། སྦྱོང་བརྡར་དང་སློབ་སྟོན་ནུས་པ་ཆེ་རུ་བཏང་བས། “མི་གཅིག་གི་ཉམས་མྱོང་ལས་མི་ཚང་མར་ཕན་པ་ཐོབ་པའི”འཁོར་སྐྱོད་བཟང་པོ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།