བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གིས་འབར་གཏོར་ལས་སྒྲུབ་བྱས་པ།
འདི་ནི་སྦྱོང་བརྡར་བྱ་ཡུལ་ཡིན་པ།
རྒྱུན་གཏན་གྱི་སྦྱོང་བརྡར་བྱས་འབྲས་ལ་ཞིབ་བཤེར་བྱས་ནས་དམག་མིའི་རྨང་གཞིའི་རྩལ་ནུས་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར། བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གི་བཟོ་དམག་ཡན་ལག་རུ་ཁག་གིས་ལས་འགན་གྱི་དོན་དངོས་ལ་དམ་པོར་གཞིགས་ཏེ། འབར་གཏོར་ཡོ་བྱད་སྣ་མང་དང་འབར་གཏོར་བྱ་ཐབས་སྣ་ཚོགས་སྤྱད་ནས་འབར་གཏོར་ལས་སྒྲུབ་བྱས་པ་རེད།
འབར་གཏོར་ལས་སྒྲུབ་ནི་དཀའ་ལས་དང་ཉེན་ཁ་ཆེ་ཤོས་ཤིག་རེད། དཔོན་དམག་གི་བདེ་འཇགས་ལས་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ལུའེ་ཤོག་དེས་སྔོན་ལ་རྩ་གནད་གསར་པ་དང་ཡང་ཡང་བསྡུར་ནས་འབར་གཏོར་ལས་སྒྲུབ་དཔེ་སྟོན་འཛིན་གྲྭ་གཉེར་ཏེ། དེའི་ཁོངས་གཏོགས་ཀྱི་ལས་སྒྲུབ་མི་སྣར་ཕྱོགས་ཡོངས་ནས་སྦྱོང་བརྡར་སྤྲད་པ་མ་ཟད། ལད་ཟློས་སྦྱོང་བརྡར་དང་གོ་རིམ་རིགས་འདེད་སོགས་ཀྱི་བྱ་ཐབས་སྤྱད་ནས་དཔོན་དམག་ཚང་མས་བཀོལ་སྤྱོད་གོ་རིམ་དང་ལས་སྒྲུབ་བྱེད་ཐབས་བྱང་ཆུབ་པའི་འགན་ལེན་བྱས་པ་རེད།
ད་ཐེངས་ཀྱི་འབར་གཏོར་ལས་སྒྲུབ་ནང་དམག་མི་གསར་པ་བཅུ་གྲངས་ཞུགས་ཐེངས་དང་པོ་ཡིན་པས། ཡན་ལག་རུ་ཁག་དེས་ཉེན་ཁར་དཔྱད་དཔོག་ནན་པོ་དང་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་ཏན་ཏིག་བྱས་ཏེ། བདེ་འཇགས་ཀྱི་བྱ་ཐབས་གནད་འཁེལ་བཟོས་པ་རེད།
འབར་གཏོར་ལས་སྒྲུབ་ཁྲོད་འབར་གཏོར་ལས་སྒྲུབ་རིགས་མི་འདྲ་བར་དམིགས་ནས་དམག་མི་རྒན་པས་གསར་པ་ཁྲིད་པ་དང་། དམག་མི་གསར་པ་གཅིག་སྡུད་སྒྲིག་འཛུཌ་ཀྱིས་ལས་སྒྲུབ་ཀྱི་བྱ་ཐབས་སྤྱད་པ་དང་ཆབས་ཅིག ཉམས་མྱོང་ཕུན་སུམ་ཚོགས་པ་དང་བྱང་ཚད་ཕུལ་དུ་བྱུང་བའི་རྐང་འཛིན་ལས་བྱེད་པ་བདམས་ནས་བདེ་འཇགས་མི་སྣའི་འགན་འཁུར་ཏུ་བཅུག་ཅིང་། དམག་མི་གསར་པར་འཇིགས་སྣང་སེལ་རོགས་ཀྱིས་འབར་གཏོར་ལས་སྒྲུབ་བདེ་འཇགས་དང་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།
“ད་ཐེངས་ནི་ང་རང་འབར་གཏོར་ལས་སྒྲུབ་ནང་ཞུགས་ཐེངས་དང་པོ་ཡིན། དང་ཐོག་མར་འབར་རྫས་ལ་ཞེད་སྣང་ཆེན་པོ་སྐྱེ་གི་འདུག ལྷག་པར་དུ་མེ་སྤར་བའི་སྐབས་དེར་ཞེད་ཐག་ཆོད་ནས་སྙིང་ཁ་ཤུགས་ཆེན་གཡུག་པའི་སྒྲ་ཡང་ཐོས་ཀྱི་འདུག འོན་ཀྱང་རེས་སྐོར་གཅིག་གི་ལས་སྒྲུབ་བྱས་རྗེས། འཇིགས་སྣང་དེ་སྤྱིར་ན་མེད་པ་ཆགས་སོང་། ཕྱིན་ཆད་ངས་སྦྱོང་བརྡར་ཧུར་ཐག་བྱས་ནས་རང་ཉིད་ཀྱི་བློ་ཁོག་དང་ཆེད་ལས་རྩལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན”ཞེས་འབར་གཏོར་ལས་སྒྲུབ་ཚར་རྗེས་དམག་མི་གསར་པ་ཧྲི་ཀྲེན་ཁུན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ད་ཐེངས་ཀྱི་འབར་གཏོར་ལས་སྒྲུབ་ལས་དཔོན་དམག་ཚོས་འབར་གས་ཡོ་བྱད་སྣ་མང་དང་འབར་གཏོར་བྱ་ཐབས་སྣ་ཚོགས་བཀོལ་སྤྱོད་ཐད་བྱང་ཆ་ཆེ་རུ་ཕྱིན་པ་དང་། བཟོ་དམག་ཡན་ལག་རུ་ཁག་གི་ཆེད་ལས་སྦྱོང་བརྡར་ཆུ་ཚད་དང་གཡུལ་སའི་སེམས་ཁམས་ལ་སྔར་བས་ཞིབ་བཤེར་ཐུབ་སྟེ། འཐབ་འཛིང་ནུས་པ་ཆེ་རུ་ཕྱིན་ནས། གཡུལ་སའི་འབར་གཏོར་ལས་སྒྲུབ་ནུས་ཆེའི་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།