དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    འདྲ་བརྙན་ཁེ་དབང་གི་ཆོག་འཁྲོལ་གན་རྒྱ་གང་བྱུང་དུ་མེད་པ་བཟོ་ཆོག་གམ།

    དོན་ཚན་ཆིག་སྟོང་དང་ཉེར་གཉིས་པ། དོ་བདག་གིས་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ལ་གྲོས་དན་བཞག་མེད་པའམ་གྲོས་དན་ཁ་གསལ་བཏོན་མེད་ན་དོ་བདག་ཕྱོགས་གང་རུང་གིས་དུས་གང་རུང་དུ་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་གྲོལ་འཐེན་བྱས་ཆོག ཡིན་ནའང་འོས་འཚམ་གྱི་དུས་བཀག་སྔོན་ལ་ཕ་རོལ་པོར་བརྡ་ལན་སྤྲོད་དགོས།

    དོ་བདག་བར་དུ་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ལ་གྲོས་དན་གསལ་པོ་བཞག་ཡོད་པ་ལ་འདྲ་བརྙན་དབང་བདག་ལ་རྒྱུ་མཚན་ལུགས་མཐུན་ཡོད་ན། འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་གྲོལ་འཐེན་བྱས་ཆོག ཡིན་ནའང་འོས་འཚམ་གྱི་དུས་བཀག་སྔོན་ལ་ཕ་རོལ་པོར་བརྡ་ལན་སྤྲོད་དགོས། གན་རྒྱ་གྲོལ་འཐེན་བྱས་པའི་དབང་གིས་ཕ་རོལ་པོ་ལ་གྱོང་གུན་བཟོས་པ་ཡིན་ན་འདྲ་བརྙན་དབང་བདག་ལ་ཁག་དཀྲི་བྱེད་ཐབས་བྲལ་བའི་རྒྱུ་མཚན་ཡོད་པ་ཕུད་གྱོང་གུན་སྐྱིན་གསབ་བྱེད་དགོས།

    ཁྲིམས་ལུགས་འཆད་སྟེགས།

    དོ་བདག་གིས་འདྲ་བརྙན་བཀོལ་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ལ་གྲོས་དོན་བཞག་མེད་པའམ་གྲོས་དོན་ཁ་གསལ་བཏོན་མེད་ན་དུས་བཀག་མེད་པའི་རྒྱུན་མཐུད་རང་བཞིན་གྱི་གན་རྒྱའི་ཁོངས་སུ་གཏོགས་ཡོད། དོ་བདག་ལ་དུས་བཀག་མེད་པའི་སྒོ་ནས་གན་རྒྱའི་ཚོད་འཛིན་མི་ཕོག་པ་དང་མི་སྒེར་གྱི་རང་བདག་ཐག་གཅོད་ཀྱི་ཁྱབ་ཁོངས་ལས་མི་འགལ་བ་བྱ་ཆེད་བཅའ་ཁྲིམས་ཀྱིས་ཕྱོགས་གཉིས་པོར་གན་རྒྱ་མེད་པ་བཟོ་དབང་སྤྲད་ཡོད། དོ་བདག་གང་རུང་ཞིག་གིས་འདྲ་བརྙན་བེད་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་མེད་པ་བཟོ་ཆོག འོན་ཀྱང་འོས་འཚམ་གྱི་དུས་བཀག་སྔོན་དུ་ཕ་རོལ་པོར་བརྡ་ལན་སྤྲོད་དགོས། གལ་ཏེ་དོ་བདག་གིས་འདྲ་བརྙན་བེད་སྤྱོད་ཀྱི་ཆོག་འཁྲོལ་དུས་བཀག་ནང་གྲོས་དན་གསལ་པོ་བཞག་ཡོད་པ་ལ་འདྲ་བརྙན་བདག་དབང་ཐད་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ན་འདྲ་བརྙན་བེད་སྤྱོད་ཀྱི་ཆོག་འཁྲོལ་གན་རྒྱ་གྲོལ་འཐེན་བྱེད་ཆོག འོན་ཀྱང་ལུགས་མཐུན་གྱི་དུས་བཀག་སྔོན་ཕ་རོལ་པོར་བརྡ་ལན་སྤྲོད་དགོས། དེའི་རྒྱུ་མཚན་ནི་འདྲ་བརྙན་ཁེ་དབང་གི་ཆོག་འཁྲོལ་དེ་མི་གཞིའི་ལ་རྒྱ་དང་འབྲེལ་བ་ཡོད་པས། མི་གཞིའི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་དབར་འགལ་ཟླ་ཐོན་སྐབས་བཅའ་ཁྲིམས་ཀྱིས་མི་གཞིའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆོག འོན་ཀྱང་འདྲ་བརྙན་དབང་བདག་གིས་གན་རྒྱ་གྲོལ་འཐེན་བྱས་པའི་དབང་གིས་ཕ་རོལ་པོར་གྱོང་གུན་བཟོས་ཚེ་འདྲ་བརྙན་དབང་བདག་ལ་ཁག་དཀྲི་བྱེད་ཐབས་བྲལ་བའི་རྒྱུ་མཚན་ཡོད་པ་ཕུད་གྱོང་གུན་སྐྱིན་གསབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།