དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྲིད་འཛིན་བསྐྱར་གྲོས་གྱོད་དོན་དབྱེ་ཞིབ་ཀྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་2024ལོའི་ལོ་འཁོར་གྱི་སྲིད་འཛིན་བསྐྱར་གྲོས་གྱོད་དོན་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་2024ལོའི་ལོ་འཁོར་གྱི་སྲིད་འཛིན་བསྐྱར་གྲོས་གྱོད་དོན་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་ལས་དོན་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།

    ཚོགས་འདུའི་ཐོག་སྲིད་འཛིན་བསྐྱར་གྲོས་ལྟ་སྐུལ་གྱི་ནོར་འཁྲུལ་ཡོ་བསྲང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དོན་དངོས་གསལ་པོ་མེད་པ་དང་། དཔང་རྟགས་ཁུངས་བཙན་མེད་པ། སྤྱད་འཐུས་ཀྱི་གཞི་འཛིན་ས་ནོར་འཁྲུལ་ཡིན་པ། ཁྲིམས་བཀོད་གོ་རིམ་ལས་འགལ་བ། ཐག་གཅོད་འོས་འཚམ་མ་བྱུང་བ་བཅས་ཀྱི་སྲིད་འཛིན་བྱེད་སྤྱོད་ལ་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུའི་བསམ་འཆར་འདོན་པ་མ་ཟད། ད་དུང་སྲིད་འཛིན་ལས་ཁུངས་ཀྱིས་དག་ཐེར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་གྱིས་ཁྲིམས་སྒྱུར་བྱེད་སྟངས་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ནས་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་དང་ཁྲིམས་སྐྱོང་ལྟ་ཞིབ་དབར་འབྲེལ་མཐུད་དང་དེར་གཞོཌ་འདེགས་བྱ་རྒྱུར་ཤུཌ་སྣོན་བརྒྱབ་སྟེ། སྲིད་འཛིན་བསྐྱར་གྲོས་ཁྲོད་ཤེས་རྟོགས་བྱུང་བའི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཐུན་མོང་རང་བཞིན་གྱི་གནད་དོན་དག་དུས་ཐོག་ཏུ་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལམ་ཡང་ན་ཁྲིམས་སྐྱོང་ལྟ་ཞིབ་སྡེ་ཚན་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་བསྐྱལ་ནས་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ལམ་ལུགས་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་དང་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་དང་དོན་དག་ཚང་མར་དམ་འཛིན་ལྷོད་མེད་བྱེད་པའི་ལག་བསྟར་བྱེད་ཤུགས་ལ་བརྟེན་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དམ་པ་དོན་གཉེར་གྱིས་ཁྲིམས་ལྟར་སྲིད་འཛིན་དང་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ། ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།