གཏིང་སྐྱེས་ཀྱི་མི་དམངས་ཉེན་རྟོག་པ་དང་མེ་གསོད་རུ་མིས་མཉམ་དུ་བྱེ་ཐང་དུ་ལུས་པའི་རླངས་འཁོར་བཏོན་པ།
འདི་ནི་རོགས་སྐྱོབ་བྱ་ཡུལ་ཡིན་པ།
ཉེ་ཆར་ས་སྲིབ་ཙམ་དུ། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་རོགས་སྐྱོབ་ཁ་པར་ཞིག་འབྱོར་པ་སྟེ། བྱེས་བགྲོད་རླངས་འཁོར་གཅིག་རྒྱལ་ལམ་219ལམ་ཐིག་གི་དིང་རིའི་གསུམ་མདོ་ཁའི་ཉེ་འགྲམ་གྱི་བྱེ་ཐང་དུ་ལུས་ཡོད་པ་རེད། ཛ་དྲག་གི་གནས་ཚུལ་ནི་བཀའ་རྒྱ་ཡིན། གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་པོ་དང་གཉིས་པའི་ལས་སྒྲུབ་མི་དམངས་ཉེན་རྟོག་པར(ལས་རོགས་ཉེན་རྟོག་པ)ཉེན་བརྡ་འབྱོར་རྗེས་ཁོང་ཚོས་འཕྲལ་མར་ལྕགས་ཁྱེམ་སོགས་ལག་ཆ་འཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད།
ས་གནས་ས་ཐོག་ཏུ་འབྱོར་རྗེས། མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)འཕྲལ་མར་ཞིབ་བཤེར་བྱས་ཤིང་། རླངས་འཁོར་དེའི་ཁ་ལོ་བས་བྱེ་ཐང་ནས་རླངས་འཁོར་འདོན་ཐབས་ཐེངས་མང་བྱས་ཀྱང་རླངས་འཁོར་བྱེ་ཐང་ནས་དོན་ཐུབ་མེད་པ་ཤེས། མི་དམངས་ཉེན་རྟོག་པས་འཕྲལ་མར་བྱ་ཐབས་སྣ་ཚོགས་སྤྱད་དེ་རླངས་འཁོར་འདོན་ཐབས་བྱས། དེ་དང་དུས་མཚུངས་བཀའ་རྒྱ་འབྱོར་བའི་མེ་གསོད་རོགས་སྐྱོབ་མི་སྣའང་དུས་ཐོག་ཏུ་དེ་གར་འབྱོར་ཞིང་། སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མེ་གསོད་རུ་མིས་མཉམ་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་རླངས་འཁོར་འདོན་ཐབས་བྱས་པ་རེད། ཆུ་ཚོད་ཕྱེད་ཀ་ཙམ་འབད་བརྩོན་བྱས་པ་བརྒྱུད་རླངས་འཁོར་གཞི་ནས་བྱེ་ཐང་ནས་དོན་ཐུབ་པ་རེད།
འབྲེལ་ཡོད་གསར་འགྱུར།