དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐོར་སྐྱོད་ཞིབ་དཔྱོད་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    “ཁོ་ཚོས་ཀྱང་ལྷམ་དེ་འདྲ་གྱོན་གྱི་ཡོད་དམ”ཞེས་བོད་ཀྱི་བཙོན་ཁང་ག་གེ་མོ་ཞིག་ཏུ་ཁྲིམས་ཆད་འཁུར་མཁན་བཙོན་པས་ཞིབ་དཔྱོད་ཉེན་རྟོག་ལས་བྱེད་པའི་ལྷམ་ལ་བལྟས་ནས་དེ་ལྟར་བརྗོད།

    འདི་ནི་ཟླ་5པའི་ཟླ་དཀྱིལ་ནས་ཟླ་6པའི་ཟླ་དཀྱིལ་བར་ལྷ་ས་ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་ཀྱི་བཙོན་ཁང་ག་གེ་མོ་ཞིག་ལ་སྐོར་སྐྱོད་ཞིབ་དཔྱོད་བྱེད་སྐབས་བྱུང་བའི་གནས་ཚུལ་ཞིག་རེད།

    སྐབས་དེ་དུས་བཙོན་པ་གཅིག་གིས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པར“ལྷམ་གྱི་སྤུས་ཚད་ཡག་པོ་མེད་པ་དང་རྔུལ་ནག་རྒྱག་སླ་བའི་སྐོར”བཤད།

    སྐད་ཆ་དེ་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་ཞིག་གིས་སེམས་ལ་བཞག་ནས་བཙོན་པའི་ལྷམ་དང་གཅིག་པ་ཞིག་གཟའ་འཁོར་གཉིས་གྱོན་ནས་ལྟ་སྐབས་དངོས་གནས་སྤུས་ཚད་ཡག་པོ་མེད་པ་དང་རྔུལ་ནག་རྒྱག་སླ་པོ་ཡོད་པ་ཤེས།

    སྐོར་སྐྱོད་ཞིབ་དཔྱོད་ཀྱིས་གནས་ཚུལ་སྙན་སེང་ཞུས་རྗེས། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པའི་ལྟ་སྐུལ་འོག་བཙོན་པ་ཚང་མར་ལྷམ་གསར་པ་བརྗེས།

    སྐོར་སྐྱོད་ཞིབ་དཔྱོད་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་དང་། མི་དམངས་ཞིབ་དཔྱོད་ཁང་གིས་བཙོན་ཁང་དང་བཀག་ཉར་ཁང་སོགས་ལྟ་འདོམས་བྱ་ཡུལ་དུ་ཁྲིམས་ཆད་དང་ལྟ་འདོམས་བྱེད་པའི་བྱེད་སྒོར་བཅའ་ཁྲིམས་ཀྱི་ཐོག་ནས་ལྟ་སྐུལ་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་སྐོར་སྐྱོད་ཞིབ་དཔྱོད་བརྒྱུད་ཁྲིམས་འགལ་གྱི་གནས་ཚུལ་ཡོ་བསྲང་བྱེད་པ་དང་། ལྟ་སྐུལ་དོ་དམ་བྱ་ཡུལ་མི་སྣའི་ཁྲིམས་མཐུན་ཁེ་དབང་དང་ཉེས་དོན་ལག་བསྟར་གྱི་དྲང་གཞག་རང་བཞིན་ལ་འགན་སྲུང་བྱ་རྒྱུ་དེ་རེད།

    སྐོར་སྐྱོད་ཞིབ་དཔྱོད་ལམ་ལུགས་ལག་བསྟར་བྱས་ཚུན། ལྷ་ས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཁྲིམས་འཛིན། ཁྲིམས་སྐྱོང་བར་འགན་འཁྲི་འཁུར་བ་བཅས་མཐའ་འཁྱོངས་དང་། “དོན་ཆེན་བཞི”ལ་དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “རྩ་དོན་དོན་ཚན་ལྔ”མཐའ་འཁྱོངས། “བྱ་སྤྱོད་ཆེན་པོ་བརྒྱད”ལ་སྐུལ་འདེད་གཏོང་བ། ལས་སྒོར་དོ་དམ་དང་། གྱོད་གཞིར་དོ་དམ། སྤུས་ཚད་ལ་དོ་དམ་བཅས་ལ་གཞི་གཅིག་ཏུ་དམ་འཛིན། གྱོད་གཞི་ཚང་མ་མུ་མཐུད་སྤུས་ཚད་མཐོ་པོས་སྒྲུབ་གཉེར་བཅས་བྱས་ཏེ་མི་དམངས་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་དྲང་གཞག་དང་དྲང་བདེན་ཚོར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།