དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱིས།

    གློག་འཕྲིན་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་བྲིན་རྫུའི་ཁེ་སྤོགས་རིགས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་ཐོན་པ་དང་གྱོང་གུན་མ་དངུལ་སྒོར་ཁྲི་100ལྷག་ཙམ་ཕོག་ཡོད། གྱོད་གཞི་ཐོན་རྗེས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་སྤྱི་བདེ་ལས་ཁུངས་ཀྱིས་མཐོང་ཆེན་བྱས་པ་དང་དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ཏེ། གྱོད་གཞིར་ཞིབ་འཇུག་བརྡར་གཅོད་དང་རྡུང་རྡེག་གཏོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི་28.9མི་ཕོག་པ་བྱས་པ་རེད།

    གྱོད་གཞི་ཐོན་རྗེས། དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་མང་ཚོགས་ཀྱི་དགོས་མཁོ་དང་འདོད་འདུན་ལ་དམ་པོར་དམིགས་ནས་ཆེད་ལས་ཀྱི་བྱ་ཐབས་སྤྱད་དེ་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་ཁང་གི་རྩིས་ཐོ་73ལ་བཀག་བཅད་བྱས་ཏེ་དངུལ་སྒོར་ཁྲི་4ཁ་བསླུས་མི་ཐེབས་པར་བྱས་ཡོད། དེ་དང་དུས་མཚུངས། མི་དམངས་ཉེན་རྟོག་པས་གྱོད་འབྲེལ་དངུལ་ཁང་གཱ་ཡི་བདག་པོ་དང་འབྲེལ་བ་བྱས་ནས་རང་འགུལ་ངང་གནས་ཚུལ་གསལ་བཤད་བྱེད་དུ་བཅུག་པ་དང་འབྲེལ། གྱོད་འབྲེལ་དངུལ་དུས་ཐོག་ཏུ་ཕྱིར་བསློགས་པ་རེད།

    ་ཆེད་དམིགས་གྱོད་དོན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ཀྱང་ཧོ་པེའི་ཐང་ཧྲན་དང་། ཧུའུ་ནན་ཡུང་ཤིན། ཧའེ་ནན་ཧའེ་ཁོའུ་སོགས་ས་ཆ་མང་པོར་འཛིན་བཟུང་གི་ལས་དོན་སྤེལ་བར་གྱོད་འབྲེལ་མི་33དང་། ཁ་བསླུས་དང་འབྲེལ་བའི་དངུལ་སྒྱུར་སྤྲོད་བྱེད་མཁན་9 ཁ་བསླུས་དང་འབྲེལ་བའི་APPགསར་སྤེལ་བྱེད་མཁན་1བཅས་བདེ་བླག་ངང་བཟུང་བ་དང་། སྒོར་ཁྲི་24.9ཚུར་བླངས་ཡོད། མིག་སྔར། ཉེས་གསོག་དོགས་ཅན་ཚའོ་ཆེ་གེ་མོ་སོགས་མི་6ལ་ཁྲིམས་བཞིན་ཉེས་དོན་བཙན་ཤེད་བྱེད་ཐབས་སྤྱད་པ་དང་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།