དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • “རང་རེའི་མཐའ་སྲུང་དང་དམག་མིར་དགའ”ཞེས་པའི་དམག་བཀུར་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-05

    ཉེ་ཆར། བོད་རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སོགས་ཚན་པ་དང་མཉམ་དུ“རང་རེའི་མཐའ་སྲུང་དང་དམག་མིར་དགའ”ཞེས་པའི་སྤྱི་ཚོགས་ཅན་གྱི་དམག་བཀུར་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་དཔུང་སྡེའི་དཔོན་དམག་ཚོར་གཅེས་སེམས་མཚོན་པའི་དངོས་ཟོག་དང་སྨན་བཅོས་སྒྲིག་ཆས་སྤྲད་པ་དང་འབྲེལ། ཁོང་ཚོར་བདེ་ཐང་བརྟག་དཔྱད་བྱས་ནས་ཆེད་ལས་ཀྱི་སྨན་བཅོས་གྲོས་འགོ་བཏོན་པ་དང་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་དཔུང་སྡེའི་སྦྱོང་བརྡར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དཔུང་སྡེའི་དཔོན་དམག་ཚོར་རྒྱུན་ཐོན་ནད་རིགས་འགོག་བཅོས་བྱ་ཐབས་འགྲེལ་བཤད་བརྒྱབ་ནས་ཁོང་ཚོའི་བདེ་ཐང་གི་འདུ་ཤེས་དང་རང་ངོས་བདེ་སྲུང་གི་ནུས་པ་ཆེ་རུ་བཏང་ཞིང་། འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་དཔོན་དམག་ལ་མིག་ཤེད་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།