དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྟག་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས།

    དབྱར་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-05

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟག་རྩེ་ཡན་ལག་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ། དབྱར་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས། སློབ་གྲོགས་ཚོར་སྤྲོ་སྣང་ལྡན་ལ་ཕན་ཐོགས་ཆེ་བའི“བདེ་འཇགས་བློ་སྐྱེད་ཀྱི་སློབ་ཚན”ཞིག་ཁྲིད་པ་རེད།

    སློབ་ཚན་ཐོག མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་མཚོན་རྟགས་དག་འཇུག་གཞིར་བྱས་ཐོག “ལམ་ཐིག་སྟག་རིས་ཅན་ནི་བདེ་འཇགས་གླིང་ཕྲན་ལྟ་བུ་མིན་པས་གཡས་ལྟ་གཡོན་ལྟ་ཡང་སེ་བྱེད་དགོས་པ”སོགས་དཔེ་མང་པོ་བཞག་ནས་རྐང་ཐང་དུ་སྐྱོད་པ་དང་། སྦག་སྦག་གཞོན་པ། རླངས་འཁོར་ལ་སྡོད་པ་སོགས་རྒྱུན་ལྡན་གྱི་འགྲིམ་འགྲུལ་བྱ་སྤྱོད་ཁྲོད་ཀྱི་བདེ་འཇགས་སྐོར་གཙོ་གནད་འགྲེལ་བཤད་བརྒྱབ་པ་དང་། ཆབས་ཅིག བདེ་འཇགས་ཤེས་བྱ་ཀུན་གྱིས་ཤེས་པར་བྱ་ཆེད། མི་དམངས་ཉེན་རྟོག་པས་མཉམ་འགུལ་དྲི་བ་དྲིས་ལན་དང་དངོས་ལྗོངས་སོགས་བརྒྱུད་སློབ་གྲོགས་ཚོ་ལྡིང་ཆའི་ཐོག་བོས་ནས་གཞུང་ལམ་སྒྲོལ་བ་དང་རླངས་འཁོར་ལ་སྡོད་པ་སོགས་ཀྱི་ནོར་འཁྲུལ་གྱི་འགྲིམ་འགྲུལ་བྱེད་སྤྱོད་ཡོ་བསྲང་བྱས་པས། ཕན་པ་ཆེན་པོ་ཐོབ་པ་རེད།

    བྱེད་སྒོའི་མཇུག་ཏུ་སློབ་ཕྲུག་ཚོས་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལག་བརྡ་ལད་མོ་བྱས་ནས་ཕན་ཚུན་དབར་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།