དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གཉིས་བཀུར་ལམ་སྡེ་ཁུལ་གྱིས་གྲོང་མིའི་སྤྱི་ཆིངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གླུ་གཞས་ཐོག་མ་དེ་གསར་རྩོམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-05

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་གྱིས་ཉིང་ཁྲི་གྲོང་ཁྱེར་རིག་རྩལ་ཚོགས་པ་དང་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་སྡེ་ཁུལ་གྱི་སྤྱི་ཆིངས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་གླུ་གཞས་ཐོག་མར་སྒྱུར་བཅོས་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཁྲིམས་སྐྱོང་སྙིང་སྟོབས་དོན་འཁྱོལ་གྱིས་རྩ་བ་ཚུགས་རྒྱུར་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཉིས་བཀུར་ལམ་སྡེ་ཁུལ་གྱིས་ཁྲིམས་ལུགས་ཁྱབ་གདལ་དང་འབྲེལ་འདྲིས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དབྱངས་འགྲོས་དང་མཉམ་འདྲེས་བྱས་ཏེ། སྤྱི་ཆིངས་ཀྱི་སྲོག་ཤིང་དོན་ཚན་རེ་རེ་བཞིན་གདམ་གསེས་ཀྱིས“སྒྱུག་མོ་དང་མནའ་མའི་འབྲེལ་བ”དང“གྲོང་པ་ཁྱིམ་མཚེས་དབར་རོགས་རེས”སོགས་འཚོ་བའི་རྣམ་པ་བློ་ལ་ངེས་བདེ་བའི་གཞས་ཚིག་ཏུ་བསྒྱུར་ནས་བཟོ་བཅོས་ཐེངས་མང་བརྒྱབ་རྗེས་མ་ཟིན་གཏན་འཁེལ་བྱས་པ་མ་ཟད། སྡེ་ཁུལ་གྱི་ལས་དོན་པ་གླུ་གཞས་སྒྲ་ཕབ་ནང་ཞུགས་ཏེ་ས་གནས་དེ་གའི་ཡུལ་སྐད་ཐོག་ནས་གོ་སླ་བའི་གཞས་ཚིག་དང་གཏོང་བདེ་བའི་གཞས་གདངས་བརྒྱུད་ཁྲིམས་སྐྱོང་གི་ནང་དོན་བརྒྱུད་སྤྲོད་བྱས་པ་རེད།

    ད་ཆ་གླུ་གཞས་དེ་གཉིས་བཀུར་ལམ་སྡེ་ཁུལ་གྱི་ཐུན་མོང་མ་ཡིན་པའི་མིང་བྱང་ཞིག་ཏུ་གྱུར་ནས་སྡེ་ཁུལ་གྱི་གསར་གཏོད་དང་འཕེལ་རྒྱས་ལ་བདེན་དཔང་བྱས་པ་མ་ཟད། གྲོང་མིས་སྡེ་ཁུལ་ལ་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།