རང་ལྗོངས་ཀྱི་མེ་གསོད་རོགས་སྐྱོབ་བྱ་གཞག་ལ་གྲུབ་འབྲས་བཟང་པོ་ཐོབ་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི“མེ་གསོད་རོགས་སྐྱོབ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས”ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་གནོད་འཚེའི་ལས་འཛོལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་བ་དང་། བདེ་འཇགས་ཀྱི་ཉེན་ཁའི་འགྲན་སློང་གལ་ཆེན་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་བ། མེ་གསོད་བདེ་འཇགས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་བཅས་ལས། ལོ་22རིང་ལྗོངས་ཡོངས་སུ་ཚབས་ཆེན་དང་ཆེས་ཚབས་ཆེན་གྱི་མེ་སྐྱོན་ལས་འཛོལ་ཐོན་མེད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ངོ་60ཡི་རིང་། བོད་ལྗོངས་མེ་གསོད་རོགས་སྐྱོབ་ཀྱི་སྟོབས་ཤུགས“གནོད་འཚེ་སྣ་གཅིག”ནས“གནོད་འཚེ་སྣ་ཚོགས་དང་འཕྲལ་སྡོམ་ཆེན་པོ”བྱེད་པའི་བར་འགྱུར་ལྡོག་བྱུང་སྟེ། རྒྱལ་ཁབ་ཀྱི་རི་མཐོའི་རོགས་སྐྱོབ་ལྷ་ས་རུ་ཆེན་དང་རིགས་9དང་ཆེད་ལས་རོགས་སྐྱོབ་རུ་ཁག་65བཙུགས་པ་དང་། བོད་ཀྱི་དབུས་རྒྱུད་དང་། ཤར་རྒྱུད། ནུབ་རྒྱུད་བཅས་མཉམ་སྒྲིག་དང་། མཉམ་སྒྲུབ། མཉམ་འཐབ་བཅས་ཀྱི་མཉམ་ལས་ཁུལ་གསུམ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱེ་བ། ས་ཁོངས་བརྒལ་བའི་སྐྱེལ་འདྲེན་འགན་སྲུང་ལམ་སྲོལ་ལེ་ལག་ཆ་ཚང་པོ་བཙུགས་པ། སྡེ་ཚན་16དང་གྲོས་མོལ་མཐའ་དཔྱོད་དང་སྔོན་བརྡ་དང་ལེན་ལམ་སྲོལ་བཙུགས་པ། སྤྱི་ཚོགས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་དང་ཁེ་ལས་ཆེ་གྲས་དང་མཉམ་སྒྲུབ་མཉམ་འགུལ་མཉམ་སྲུང་གི་མཉམ་ལས་འབྲེལ་བ་བཙུགས་པ། ཚད་གཞི་མཐོ་བའི་རི་ཆེན་རོགས་སྐྱོབ་དངོས་འཐབ་ཅན་གྱི་སྦྱོང་བརྡར་རྟེན་གཞི་བསྐྲུན་པ་བཅས་ལས། “ཉེན་བརྡ་དང་ལེན་བྱེད་མགྱོགས་པ་དང་། ཐོན་མགྱོགས་པ། འབྱོར་མགྱོགས་པ། བྱ་སྤྱོད་སྤེལ་མགྱོགས་པ”བཅས་བྱུང་ཡོད།
མིག་སྔའི་བར། ལྗོངས་ཡོངས་སུ་གྲོང་ཁྱེར་གྱི་མེ་གསོད་ཡོ་ཆས་7000ལྷག་ཙམ་དང་གྲོང་ཁྱེར་གྱི་མེ་གསོད་ས་ཚིགས་104བསྐྲུན་ཡོད་པ་སོགས། ལྗོངས་ཡོངས་ཀྱི་རུ་ཁག་དང་ས་ཚིགས་ཀྱི་རྨང་གཞིའི་སྦྱོང་བརྡར་གྱི་སྒྲིག་ཆས་ཚད་གཞི་ལོན་ཚད་94.7%ཟིན་པ་དང་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་ཚད་གཞི་ལོན་ཚད་97%ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།