“སྐེ་དར་དམར་པོའི་ཁྲིམས་ལུགས་སློབ་གླིང”ལས་སློབ་མའི་ཁྲིམས་ལུགས་སྦྱོང་བའི་སྤྲོ་སེམས་འཕེལ་བ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཁྲིམས་འཛིན་ཅུས་ཀྱིས་གསར་གཏོད་ཀྱི་བསམ་གཞིག་བཏོད་ནས་སྒོར་ཁྲི་23.95བཏང་སྟེ་འབྲས་སྤུངས་ཤང་དུ་གྲོང་ཁྱེར་ཡོངས་ཀྱི“སྐེ་དར་དམར་པོའི་ཁྲིམས་ལུགས་སློབ་གླིང”དང་ཁྲིམས་སྦྱོང་སྐར་གསོག་སྒོ་རྩིས་ཚོང་ཁང་ཐོག་མ་བསྐྲུན་ཏེ། ཁྲིམས་སྐྱོང་ཤེས་བྱ་སློབ་སྦྱོང་དང་དངོས་ཡོད་ཀྱི་སྐར་གསོག་བརྗེ་སྤྲོད་ལམ་སྲོལ་གཅིག་ཏུ་སྦྲེལ་ནས“སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་བྱ་དགར་བརྟེན་ནས་སློབ་སྦྱོང་ལ་སྐུལ་མ་གཏོང་བའི”རྣམ་པ་གསར་རྐྱང་ཞིག་བཏོད་དེ། མཐའ་མཚམས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་གསོན་ཤུགས་གསར་པ་དང་རྒྱུན་མཐུད་ཆོག་པའི་སྒུལ་ཤུགས་བསྣན་པ་རེད། “སྐེ་དར་དམར་པོའི་ཁྲིམས་ལུགས་སློབ་གླིང”ཟླ་བ་དྲུག་པའི་ཟླ་མཇུག་ཏུ་ཚོད་ལྟའི་འཁོར་རྒྱུག་བྱས་ཚུན། སློབ་གྲྭའི་ནང་ཁྲིམས་སྦྱོང་རྣམ་པ་ཉིན་རེ་ལས་མ་འདས་པར་ཟབ་ཏུ་སོང་ཞིང་། སློབ་མ་200ལྷག་ཙམ་དེའི་ནང་ཞུགས་ནས་སློབ་གསེང་དུས་ཚོད་སྐབས་རང་འགུལ་ངང་ཁྲིམས་སྐྱོང་དཔེ་དེབ་ལྟ་ཀློག་དང་བཅའ་ཁྲིམས་དོན་ཚན་བཤུ་འབྲི་བྱས་ནས་སྐར་མ་གསོག་པ་དེ་སློབ་མའི་དར་སྲོལ་གསར་པར་གྱུར་ཏེ་བཅའ་ཁྲིམས་ཤེས་བྱ་ཁོང་དུ་ཆུད་པར་བྱེད་ཀྱི་ཡོད། འདི་ནི་སློབ་མས་བཅའ་ཁྲིམས་དཔེ་དེབ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།