དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    མིག་སྔའི་བར། འདུམ་འགྲིག་རྩ་འཛུགས་135བཅའ་སྡོད་བྱས་ནས་རྩོད་གཞི་4801ཐག་གཅོད་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-31

    ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི“བོད་ལྗོངས་ཁྲིམས་ཁང་གིས་གཙོ་འགན་གཙོ་ལས་ལ་དམིགས་ནས་ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཁྲིམས་ཁང་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཆེན་པོའི་ཁྲོད་རང་འགུལ་ངང་ཞུགས་ཏེ་འགལ་བ་དང་རྩོད་གཞི་འབོར་ཆེན་གཞི་རིམ་དུ་ཐག་གཅོད་དང་། ཐོན་མ་ཐག་བསལ་བ། གཏུག་བཤེར་མ་བྱས་གོང་མཚམས་འཇོག་བཅས་བྱས་ཏེ། བོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།

    བོད་ལྗོངས་མཐོ་རིམ་ཁྲིམས་ཁང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི“གཅིག་འཐུས་རྣམ་པའི”རྩོད་གཞི་སྣ་ཚོགས་ཐག་གཅོད་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། 《མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱེད་པའི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》སོགས་ཡིག་ཆ་བཟོས་ནས“འགལ་བ་དང་རྩོད་གཞི‘གཅིག་འཐུས་རྣམ་པའི’བདག་སྤྲོད་དང་། སྡེབ་གཅིག་ལ་འདུམ་འགྲིག་ཐག་གཅོད། འཁོར་འབྲེལ་གཅིག་གིས་ཐག་གཅོད”བཅས་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74ཡིས་ཁྱོན་བསླབ་རྒན་ཁྲིམས་དཔོན་47དང་། ཁྲིམས་དཔོན་གྱི་ལས་རོགས་24 ཁྲིམས་སའི་དྲུང་ཡིག་45བཅས་དང་དེ་བཞིན་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་14འདེམས་གཏོང་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་ཀྱིས་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱས་པ་རེད།

    བོད་ལྗོངས་མཐོ་རིམ་ཁྲིམས་ཁང་ཏང་ཙུའུ་ཡི་ཁོངས་མི་དང་ཡོན་ཀྲང་གཞོན་པ་ཡོན་དབྱིན་དབྱིང་གིས་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་བྱེད་པའི་ནུས་ཤུགས་གཅིག་ཏུ་བསྡུས་པ་བརྒྱུད། བོད་ལྗོངས་མཐོ་རིམ་ཁྲིམས་ཁང་དང་བོད་ལྗོངས་མི་སྤྱི་ཐིང་སོགས་སྡེ་ཚན་12ཀྱིས་“སྤྱི་གཏད་སྤྱིའི”དྲ་ཐོག་གཏུག་བཤེར་འདུམ་འགྲིག་ལམ་སྲོལ་བཏོད་པ་རེད། མིག་སྔའི་བར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་སུ་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་རྩ་འཛུགས་135དང་གཞི་རིམ་བཅོས་སྐྱོང་ཚན་པ་1040 འདུམ་འགྲིག་པ་1131བཅས་བཅའ་སྡོད་བྱས་ཏེ་རྩོད་གཞི་4801ཐག་གཅོད་བྱས་པ་དང་། མི་དམངས་འདུམ་འགྲིག་རྩ་འཛུགས་ལ་འགལ་བ་དང་རྩོད་གཞི་13362ཐག་གཅོད་བྱ་རྒྱུའི་མངགས་བཅོལ་བྱས་པ། ཁྲིམས་འཛིན་གྱིས་གཏན་འཁེལ་བྱས་པ་ཁག་3045བཅས་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་གྱོད་གཞི་བསྒྲུབ་རྒྱུ་ནི་བཅོས་སྐྱོང་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་ཉེས་གསོག་ལ་ཆད་པ་གཅོད་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ནས་གློག་འཕྲིན་གྱི་ཁ་བསླུས་དང་། སྨན་བཅོས་འགན་བཅོལ་གྱི་ཁ་བསླུས། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་སོགས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་བཅད་ཡོད། 2023ལོ་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་དང་པོ་དང་གཉིས་པའི་ཉེས་དོན་གྱོད་གཞི་7200ལྷག་ཙམ་འདྲི་གཅོད་བྱེད་མཇུག་སྒྲིལ་ཡོད། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སུ་གཏོང་བ་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་རྩོད་གཞིར་ཞིབ་གཅོད་འོས་འཚམ་བྱས་ཏེ། ལག་བསྟར་བརྒྱུད་རིམ་ཁྲོད་ཁེ་ལས་ཀྱི་ཁྲིམས་མི་མ་རྩ་རྡིབ་པའི་ཆ་རྐྱེན་དང་མཐུན་ཚེ་མ་རྩ་རྡིབ་པའི་ཞིབ་བཤེར་ལམ་ལུགས་ཀྱི་བཀོལ་སྤྱོད་མཛུབ་ཁྲིད་གཏན་འབེབས་ཀྱིས་མ་རྩ་རྡིབ་པའི་གྱོད་གཞི་གཙང་སེལ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཉེ་བའི་ལོ་གསུམ་རིང། བོད་ཀྱི་ཁྲིམས་ཁང་གིས་ཁེ་ལས་དང་འབྲེལ་བའི་གྱོད་གཞི་ཁྱོན་53494དང་མ་རྩ་རྡིབ་པའི་གྱོད་གཞི་27ཞིབ་གཅོད་བྱས་པ་རེད།

    དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་ཁྲིམས་ཁང་གིས་ན་སོ་དར་ལ་མ་བབ་པའི་མིར་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། 《དུས་རབས་གསར་པའི་ན་སོ་དར་ལ་མ་བབ་པའི་མིར་འདྲི་གཅོད་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་ཏེ། བོད་ཀྱི་ན་སོ་དར་ལ་མ་བབ་པའི་མིའི་ཁེ་དབང་ལ་ཁྲིམས་འཛིན་སྲུང་སྐྱོང་དང་ཉེས་གསོག་སྔོན་འགོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་ཁྲིམས་ལུགས་ཁྱབ་གདལ་དྲ་རྒྱ་ཧུར་ཐག་བསྐྲུན་ནས་ཉེ་བའི་ལོ་གསུམ་རིང་ཉེས་དོན་དང་དམངས་དོན(ཚོང་དོན)སྲིད་འཛིན་སོགས་དཔེ་མཚོན་གྱོད་དཔེ་100ལྷག་ཙམ་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་6000ཙམ་བྱས་པར་དང་ལེན་བྱེད་མཁན་མི་ཐེངས་ཁྲི་90ཙམ་ཟིན་པ། གྱོད་གཞིའི་རྒྱབ་ཀྱི་ལས་རིགས་ཀྱི་སྐྱོན་ཆ་དང་སྤྱི་ཚོགས་ཀྱི་གནད་དོན་འཚོལ་ཞིབ་ཧུར་ཐག་བྱས་ནས་ཉེ་བའི་ལོ་གསུམ་རིང་བོད་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་གྲོས་འགོ་ཁྱོན་514བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།