མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་དེབ་ཁང་།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་དཔེ་མཛོད་ཁང་ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི“སྤྲིན་ཚོམ་དེབ་ཁང”ཡན་ལག་ཁང་གི་སྒོ་བྱང་དངོས་སུ་བཀལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། “སྤྲིན་ཚོམ་དེབ་ཁང”ཡན་ལག་ཁང་དུ་ཁྱོན་དཔེ་དེབ་20000ལྷག་ཙམ་ཡོད་པ་དང་། དྲ་ཐོག་ལྟ་ཀློག་དང་། དཔེ་ཀློག་བྱེད་སྒོ བྱིས་པའི་རི་མོའི་དེབ། དབྱིན་སྐད་དང་བོད་སྐད་སློབ་སྦྱོང་སོགས་ཀྱི་ཁྱད་ལྡན་བྱེད་ནུས་ཁུལ་ཡོད་པ། དཔེ་ཀློག་ཡོ་ཆས་དང་རྩ་གཉིས་བཤེར་ཆས་སོགས་དཔེ་དེབ་དོ་དམ་སྒྲིག་བཀོད་ཡོད་པས། ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་མ་ཟད། ལེགས་རྩེ་འགག་སྒོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་ཀློག་གི་དགོས་མཁོ་ནུས་ལྡན་བསྐངས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་རིག་གནས་ཞབས་འདེགས་ཞུས་ཡོད། འདི་ནི་ཕྲུ་གུ་ཚོས“སྤྲིན་ཚོམ་དེབ་ཁང”ཡན་ལག་ཁང་དུ་དཔེ་དེབ་ཀློག་བཞིན་པ།
འབྲེལ་ཡོད་གསར་འགྱུར།