ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སློབ་སྦྱོང་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སློབ་སྦྱོང་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། རྒྱལ་ཁབ་ཀྱི་གནས་སྤོས་ཡུལ་མི་དོ་དམ་ཅུས་དང་སྤྱི་ཁྱབ་ས་ཚིགས་ཀྱི་སློབ་སྦྱོང་སློབ་གསོའི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ། འཕེལ་རིམ་སྙན་སེང་དང་། ཕན་འབྲས་ཕྱོགས་སྡོམ། དུས་བབ་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། མཐའ་གསལ་མཐིལ་རྟོགས་ཀྱིས་གོ་བ་བླངས་ཏེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟུང་འབྲེལ་དམ་ཟབ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་ཁུར་ཕོད་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་དང་ཉེན་རྟོག་པ་ནན་པོས་སྐྱོང་བར་རང་རྟོགས་ངང་སྐུལ་འདེད་གཏོང་དགོས། ལྷག་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ལོ་སྨད་གྱི་ལས་དོན་ཁ་ཕྱོགས་དང་འགག་སྒྲོལ་གྱི་གཙོ་གནད་སྔར་བས་གསལ་བཟོ་དང་ཇུས་འགོད་ཡག་པོ་བྱས་ཏེ་ལོ་ཧྲིལ་པོའི་ལས་དོན་ཚད་གཞི་མཐོ་པོས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།