གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་གིས།
“བདེ་འཇགས་ཐོན་སྐྱེད། གཞོན་ནུའི་སྣེ་ཤན”གྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་གིས་མངའ་རིས་ས་ཁུལ་འཕྲལ་སྡོམ་དོ་དམ་ཅུས་དང་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག(སྒར་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས)དང་མཉམ་དུ“བདེ་འཇགས་ཐོན་སྐྱེད། གཞོན་ནུའི་སྣེ་ཤན”གྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། གཞོན་ནུ་སྡེ་ཚོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་བརྡའི་སློབ་གསོའི་གློག་བརྙན་ལྟ་བ་དང་མེ་ཟོན་བདེ་འཇགས་ཤེས་བྱའི་འཆད་ཁྲིད་ཉན་པ་བརྒྱུད། བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེའི་རང་བཞིན་ཐད་ཀར་ཚོར་ཐུབ་ཡོད། གཞོན་ནུ་འཆད་ཁྲིད་ཚོགས་པའི་ཁོངས་མི་སྐལ་བཟང་དོན་གྲུབ་ཀྱིས་དཔེ་མཚོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ཐག་གཅོད་བྱེད་པའི་ཚད་གཞི་དབྱེ་ཞིབ་དང་འཚོ་བའི་ཁྲོད་རྒྱུན་མཐོང་གི་གློག་དང་མེ་སྤྱོད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་། དབྱེ་འབྱེད་བྱེད་ཐབས། འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་བཅས་ལ་དམིགས་ནས་ཚན་རིག་ཁྱབ་སྤེལ་བཏང་བ་རེད། དེ་དང་ཆབས་ཅིག དངོས་སྦྱོང་གི་ནང་སྦྱོང་ནང་མེ་གསོད་རུ་མིས“བདེ་འཇགས་སློབ་དཔོན”བྱས་ནས་ས་གནས་ས་ཐོག་ཏུ་མེ་སྐྱོན་སྔོན་འགོག་གི་གཙོ་གནད་དང་དེ་བཞིན་མེ་གསོད་ཡོ་ཆས་སོགས་ཚད་ལྡན་བཀོལ་སྤྱོད་གོ་རིམ་གསལ་སྟོན་བྱས་པ་མ་ཟད། གཞོན་ནུ་ཚོས་སྦྱོང་བརྡར་ནང་ཧུར་ཐག་ཞུགས་པ་དང་སློབ་སྦྱོང་ནན་ཏན་བྱས་ཏེ་ལད་ཟློས་ཡུལ་ལྗོངས་ཁྲོད་འཕྲལ་སྡོམ་སྲོག་ཐར་དང་མེ་སྐྱོན་ཐོན་མ་ཐག་གསོད་པ་སོགས་དངོས་སྤྱོད་རྩལ་ནུས་ཁོང་དུ་ཆུད་པར་སྦྱང་ནས་རང་སྐྱོབ་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།