དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྟོད་ལུང་བདེ་ཆེན་ཆུས་ཀྱིས་2025ལོའི་ལོ་སྨད་ཀྱི་དམག་བསྡུའི་དྲིལ་བསྒྲགས་ལས་དོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-29

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམག་བསྡུ་གཞུང་ལས་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་། སྟོད་ལུང་བདེ་ཆེན་ཆུས་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས། དེ་བཞིན་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་མཉམ་དུ་2025ལོའི་ལོ་སྨད་ཀྱི་དམག་བསྡུའི་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། སྡེ་ཚན་མང་པོའི་ལས་དོན་པས་ལས་བགོས་དང་ཕན་ཚུན་གཞོཌ་འདེགས་བྱས་ཏེ། 2025ལོའི་ལོ་སྨད་ཀྱི་དམག་བསྡུའི་དུས་ཚོད་དང་སྲིད་ཇུས་ཀྱི་ཞིབ་ཕྲའི་བླང་བྱར་དམིགས་ནས། ལོ་ཚད་ལ་སླེབས་པའི་གཞོན་ནུ་དང་ཁྱིམ་བདག་ལ་དམག་སྐུལ་དང་ལེན་གྱི་ཆ་རྐྱེན་དང་། གཟིགས་སྐྱོང་སྲིད་ཇུས། དམག་ཞབས་ཐིམ་རྗེས་ཀྱི་བཀོད་སྒྲིག་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ཚང་མས་བཏོན་པའི་དྲི་བར་ལན་རེ་རེ་བཞིན་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།