ཁྲོམ་རར་དོ་དམ་བྱས། དམངས་ལ་ཕན་པ་བསྐྲུན།
གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་སྐྱོང་རྩ་བར་འཛིན་པདང་། ཚད་གཞི་རྨང་གཞིར་བྱེད་པ། གསར་གཏོད་བླ་སྲོག་ཏུ་བརྩི་བ། སྤུས་ཚད་གོང་དུ་བཀུར་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས“སུས་ཁྲིམས་སྒྱུར་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།
ཁྲོམ་རའི་སྒྲིག་ལམ་དང་དམངས་འཚོའི་ཁེ་དབང་ལ་སྲུང་སྐྱོང་བྱས་པ།
ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བརྟན་པོ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཅུས་ཀྱི་འགོ་ཁྲིད་གཙོ་བོ་ཙུའུ་ཀྲང་དུ་བྱས་པའི“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་ཡོད།
འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐད་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་གོ་སྐབས་སུ་བརྩིས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་འགག་སྒོ་དང་། རིག་གནས། ཚོང་དོན་སོགས་སྡེ་ཚན་མང་པོ་དང་མཉམ་དུ་བློ་འདྲི་ཞབས་ཞུའི་ལས་སྟེགས་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་ཐེར་འདོན་ཞུ་སྦྱོར་བདག་སྤྲོད་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་གི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བར་རིམ་རྩིས་བརྒྱབ་ན། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཆེ་གྲས་ཐེངས་5སྤེལ་ཡོད། དེ་ལས་དྲིལ་བསྒྲགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཁྲིམས་ལྟར་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འཛད་སྤྱོད་པའི་འདུ་ཤེས་ཟབ་ཏུ་ཤུགས་ཆེན་ཕྱིན་ཏེ། ཉེ་བའི་ལོ་ཤས་རིང་ཐེར་འདོན་ཞུ་སྦྱོར་བྱེད་ཚད་ལོ་རེ་བཞིན་མང་དུ་སོང་བར་རིམ་རྩིས་བརྒྱབ་ན་ཐེར་འདོན་ཞུ་སྦྱོར་ཐེངས་5165ཙམ་ཐག་གཅོད་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་77.53གསབ་ཡོད།
ཁྲིམས་ལུགས་ཁྱབ་གདལ་གྱི་ཕན་འབྲས་དངོས་ཆེ་རུ་ཧུར་ཐག་བཏང་བ།
ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་གཏོད་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བློ་ཁོག་ཆེན་པོས་གསར་གཏོད་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་སྤྱོད་གོ་ཆོད་པའི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་པས། ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་ཕྱིན་ཡོད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“དྲ་སྦྲེལ་དང་ཁྲིམས་ལུགས་ཁྱབ་གདལ་ཟུང་འབྲེལ”གྱི་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། སྐད་གྲགས་ཆེ་བའི་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སུ་ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་བསྒྲིགས་ལེ་ཚན་བཏོད་དེ་སྤྲོ་སྣང་ཆེ་ཞིང་ཤེས་རིག་རང་བཞིན་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་བརྙན་ཐུང་དང་ཡིག་རིས་ཀྱི་ཆ་འཕྲིན་300ལྷག་ཙམ་བསྟུད་མར་སྤེལ་བར་སྤྱི་ཚོགས་ཐོག་དོ་ཁུར་དང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
ཁྲིམས་ལུགས་ཁྱབ་གདལ་གྱི་བྱ་ཐབས་རབ་དང་རིམ་པ་གསར་གཏོད་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ནུས་ལྡན་བཏང་སྟེ་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་པ། ཁྲིམས་སྐྱོང་གི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཐད་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས། གཞི་རིམ་མང་ཚོགས་དང་ཁྲོམ་རའི་བྱེད་པོའི་སེམས་སུ་ཁྲིམས་སྐྱོང་གི་ལྟ་བ་བརྟན་པོ་ཞིག་ཚུགས་པར་བྱས་ཡོད།
ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ།
ཁྲིམས་སྐྱོང་འཛུགས་སྐྱོང་གི་བླང་བྱ་ལག་བསྟར་གཏིང་ཟབ་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་ཏེ་ཏན་ཏིག་གོ་ཆོད་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས། ཁྲིམས་ལུགས་ཁྱབ་གདལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་མཆོང་སྐྱོད་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།
བྱང་ཚད་མཐོ་བའི་ཁྲིམས་ལུགས་ཁྱབ་གདལ་གྱི་དཔུང་ཁག་ཅིག་གཏོད་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་མི་སྣའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁོང་ཚོས་དུས་བཀག་ལྟར་ཁྲིམས་ལུགས་ཁྱབ་གདལ་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་གསོ་སྦྱོང་དང་ལས་སྒོའི་སྤེལ་རེས་བྱེད་སྒོར་ཞུགས་སུ་བཅུག་པ་མ་ཟད། རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ཆེད་ལས་ཀྱི་སློབ་ཚན་ཁྲིད་དེ་ལས་དོན་མི་སྣར་དུས་ཐོག་ཏུ་ཤེས་བྱའི་མ་ལག་གསར་བརྗེས་བྱེད་རོགས་ཀྱིས་ལས་སྒོའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།