དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་ཟོག་འགྲེམས་ཀྱི་བདེ་འཇགས་འགག་སྒོ་ནན་པོར་བསྲུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-29

    ཉེ་ཆར་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱི་ཤང་དང་གྲོང་རྡལ་ཁག་གི་མངགས་གཏོང་ཁང་གིས། ཁོངས་གཏོགས་ཁུལ་གྱི་སྐྱེལ་འདྲེན་ཟོག་འགྲེམས་ཁེ་ལས་སུ་བསྐྱོད་ནས་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་ཏེ། ཟོག་འགྲེམས་ཀྱི་བདེ་འཇགས་འགག་སྒོ་ནན་པོར་བསྲུངས་བ་རེད།

    ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་གཙོ་གནད་ཐོག་རང་མིང་ཐོ་འགོད་དང་བསྐུར་ལེན་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས་ཞིབ་དཔྱད་བྱས་ཤིང་། ལས་གཉེར་མི་སྣའི་དོ་དམ་དང་གཉེར་སྐྱོང་ཚད་གཞིར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། བརྙན་ལམ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་དང་མེ་གསོད་ཡོ་བྱད་སྒྲིག་སྦྱོར་བེད་སྤྱོད་བྱས་ཚུལ་ལ་ཞིབ་དཔྱད་ཞིབ་ཕྲ་བྱས་པ། འགན་འཁུར་བས་མེ་གསོད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་བར་ལྟ་སྐུལ་བཅས་བྱས་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་ས་གནས་ས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།