མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ཡིས་ཉེན་ཁ་ཆེ་བའི་སྐྱེལ་འདྲེན་ཁེ་ལས་ལ་ཉེན་བརྡ་གཏོང་བའི་ཚོགས་འདུ་འཚོགས་པ།
བགྲོད་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་དང་འགྲུལ་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཆེད་དོན་བཅོས་སྐྱོང་ལས་ཀར་སྔར་བས་སྐུལ་འདེད་གཏོང་བ་དང་། མངའ་ཁོངས་སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་སེལ་བ། སྐྱེལ་འདྲེན་ཁེ་ལས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉེན་ཁ་ཆེ་བའི་སྐྱེལ་འདྲེན་ཁེ་ལས་སྒྲིག་འཛུགས་བྱས་ནས་བསྐོང་འདྲིའི་ཚོགས་འདུ་འཚོགས་པ་རེད།
ཉེན་བརྡ་གཏོང་བ་དང་བསྐོང་འདྲི་ཟུང་འབྲེལ་བྱས་པ་བརྒྱུད། ཉེན་ཁ་ཆེ་བའི་སྐྱེལ་འདྲེན་ཁེ་ལས་ཀྱི་འགན་འཁུར་བས། སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། དོ་དམ་ལས་དོན་ཁྲོད་གནས་པའི་ཉམས་ཞན་ལྷུ་ཚིགས་ནན་ཏན་ངང་བཙལ་འཚོལ་དང་། གཙོ་གནད་རླངས་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་སེལ་བ། བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ལེགས་པར་སྒྲུབ་པ་དང་དུས་མཚུངས། ཁ་ལོ་བར་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བསམ་བློའི་ཐོག་ནས་ཁ་ལོ་བའི་ཡ་རབས་ཁྲིམས་སྲུང་དང་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པའི་འདུ་ཤེས་དངོས་སུ་ཟབ་ཏུ་བཏང་སྟེ། ཁྲིམས་འགལ་བྱེད་སྤྱོད་རང་རྟོགས་ངང་གཏན་འགོག་དང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་མ་ཐོན་སྔོན་འགོག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།