དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ན་སོ་དར་ལ་མ་བབས་པའི་མི་འཚར་ལོངས་ཡོར་བར་སེམས་ནུས་ཡོད་རྒུས་འབད་དགོས།

    “གངས་ལྷ་མེ་ཏོག”ཚོགས་པས་ཆབ་མདོའི་ན་སོ་དར་ལ་མ་བབས་པའི་མིར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-22

    ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིམས་སྐྱོང་གི་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་དྲོ་སྐྱིད་ལ་བརྟེན་དགོས།

    ཆབ་མདོའི་ན་སོ་དར་ལ་མ་བབས་པའི་མིའི“གངས་ལྷ་མེ་ཏོག”ཞིབ་དཔྱོད་རུ་ཁག་གིས་ཕྲུ་གུ་ཚོའི་སྙིང་གཏམ་ཉན་པ་དང་ཕྲུ་གུ་ཚོའི་མིག་སྔ་དང་འབྱུང་འགྱུར་ལ་དོ་ཁུར་བྱས་ཏེ་ཁྲིམས་སྐྱོང་གི་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་དྲོ་སྐྱིད་ཁྲོད་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱས་ཡོད།

    ཡིག་སྒམ་ནང་གི་བྱིས་པའི་སྙིང་གཏམ་ཉན་པ།

    2022ལོའི་དཔྱིད་ཀར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོབ་བྱེད་མཁན་ཞིབ་དཔྱོད་པུའུ་ཡི་ཞིབ་དཔྱོད་དཔོན་གྱིས་རྒྱུན་གཏན་ལྟར་སློབ་གྲྭ་འབྲིང་ཆུང་ཁག་ཏུ་བཙུགས་པའི“གངས་ལྷ་མེ་ཏོག”ཡིག་སྒམ་ཆུང་ཆུང་ཁ་ཕྱེ་སྐབས“ང་སེམས་པ་སྐྱིད་པོ་མི་འདུག་ལ་སློབ་སྦྱོང་ཡང་བྱེད་འདོད་མི་འདུག”ཅེས་བྲིས་པའི་སྙིང་གཏམ་ཡི་གེ་ཞིག་མིག་ལམ་དུ་འཆར།

    ཡིག་གིའི་ནང་དོན་ཀློག་རྗེས། ཞིབ་དཔྱོད་དཔོན་གྱིས་ཡིག་གེ་འབྲི་མཁན་བུ་ཟླ་ཆུང་ལ་རོགས་རམ་བྱ་རྒྱུའི་བསམ་བློ་འཁོར། དེ་ལྟར་ཞིབ་དཔྱོད་དཔོན་གྱིས་ཆེད་ལས་ཀྱི་སེམས་ཁམས་དགེ་རྒན་དང་འབྲེལ་བ་བྱས་ནས་ལོ་16ལ་སླེབས་པའི་བུ་དེར་སེམས་ཁམས་ཀྱི་སློབ་གསོ་ཐེངས་གཉིས་བརྒྱབ་རྗེས། ཁོ་བོའི་བསམ་བློ་སློབ་སྦྱོང་ཐོག་བཞག་ཐུབ་པ་བྱུང་བ་མ་ཟད། རང་ཉིད་སློབ་ཆེན་དུ་རྒྱུགས་འཕྲོད་ཐུབ་མིན་ཚོད་ལྟ་བྱ་རྒྱུའི་བློ་ཐག་བཅད།

    ལོ་གཅིག་ལྷག་ཙམ་རྗེས་ཀྱི་2023ལོའི་ཟླ་9པར། ཞིབ་དཔྱོད་དཔོན་གྱིས་བུ་དེར་ཁ་པར་རྒྱག་སྐབས་བུ་དེས་རང་ཉིད་སློབ་ཆེན་ལ་ཚུད་པ་དང་སློབ་གྲྭའི་འཚོ་བ་སྐྱིད་པོ་ཡོད་ལུགས་བཤད་པ་མ་ཟད། ན་སོ་དར་མ་བབས་པའི་མི་སྲུང་སྐྱོབ་བྱེད་མཁན“གངས་ལྷ་མེ་ཏོག”ཞིབ་དཔྱོད་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་དང་སླད་ཕྱིན་ཕུལ་བྱུང་གི་སྦྱང་འབྲས་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་བཤད།

    2019ལོར་ཆབ་མདོ་རིམ་གཉིས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོབ་བྱེད་མཁན“གངས་ལྷ་མེ་ཏོག”ཞིབ་དཔྱོད་ཚོགས་པ་བཙུགས་པ་རེད།

    ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོབ་བྱེད་མཁན་3ནས་116བར་མང་དུ་ཕྱིན་པ།

    ཚོགས་པ་དེ་བཙུགས་ཚུན“སློབ་གསོ་དང་། སེམས་འགུགས་པ། སྐྱོབ་པ”བཅས་ཀྱི་བྱེད་ཕྱོགས་དང“སློབ་གསོ་གཙོ་བོར་འཇོག་པ་དང་ཆད་གཅོད་ཕལ་པར་བཟུང་བའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞིབ་དཔྱོད་ཁང་གིས་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོང་དང་ཁྱིམ་ཚང་དང་། སློབ་གྲྭ དྲ་རྒྱ། སྤྱི་ཚོགས། སྲིད་གཞུང་བཅས་མཐུན་སྦྱོར་གྱི“སྲུང་སྐྱོང་ཆེན་པོ་དྲུག”གྲུབ་ཡོད།

    2021ལོའི་ཟླ་11པར། གྲོང་ཁྱེར་ཡོངས་ཀྱི་སེམས་ཁམས་ལ་ཕོག་ཐུག་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”བློ་འདྲི་རོགས་སྐྱོབ་ལྟེ་གནས་ཐོག་མ་དང་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོབ་བྱེད་མཁན“གངས་ལྷ་མེ་ཏོག”ཞིབ་དཔྱོད་ལས་དོན་ཁང་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དུ་བཙུགས་ནས་སྤྱོད་འགོ་ཚུགས་ཡོད། མིག་སྔའི་བར། སེམས་ནད་གསོ་བ་དང་། བློ་འདྲི་དཔང་ལེན། སྔོན་འགོག་སློབ་གསོ་སོགས་ཀྱི་ཞབས་ཞུ་ཐེངས་20ལྷག་ཙམ་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མིར“དམིགས་བསལ་སྲུང་སྐྱོབ་དང་། སྲུང་སྐྱོབ་སྔོན་འཇོག ཕོག་ཐུག་གཉིས་པ་མི་ཕོག་པ”བཅས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཡོད།

    2023ལོའི་ཟླ་11པར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་དེ་གྲོང་ཁྱེར་སློབ་གསོ་ཅུས་དང་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་ཆབ་མདོ་ཡན་ལག་ཀུང་སི་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་229ལ“12309གངས་ལྷ་མེ་ཏོག”ཅེས་པའི་རོགས་སྐྱོར་ཐད་སྦྲེལ་ཁ་པར་བཙུགས་ནས་ཁྲིམས་ལུགས་ལྟ་སྐུལ་གྱི་ཁུངས་སྣེ་སློབ་གྲྭར་སྣུར་སྲིང་བྱེད་ཐབས་དེས་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོབ་བྱེད་པའི་ལས་དོན་ཁྲོད་གོམ་པ་གལ་ཆེན་ཞིག་སྤོས་ཡོད།

    2024ལོར་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་དེ་སྡེ་ཚོགས་གྲོང་ཨུད་དང་། སློབ་གསོ། དམངས་སྲིད། སྨན་བཅོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་དང་མཉམ་དུ“གངས་ལྷ་མེ་ཏོག་ན་སོ་དར་ལ་མ་བབས་པའི་མའི་བདེ་འཇགས་མི་སྣའི”ལམ་སྲོལ་བཙུགས་ནས་གྲོང་ཁྱེར་ཡོངས་ནས“གངས་ལྷ་མེ་ཏོག་ན་སོ་དར་ལ་མ་བབས་པའི་མའི་བདེ་འཇགས་མི་སྣ”80གདན་ཞུ་བྱས་ཡོད། མིག་སྔའི་བར“གངས་ལྷ་མེ་ཏོག་ན་སོ་དར་ལ་མ་བབས་པའི་མའི་བདེ་འཇགས་མི་སྣས”འབྲེལ་ཡོད་གྱོད་གཞིའི་ཁུངས་སྣེ་ཁག་9དང་མི་9ཤེས་རྟོགས་བྱུང་བ་དང་འབྲེལ་སྙན་སེང་ཞུས་པས་ཁྱབ་ཁོངས་ཁག་གི་བཙན་ཤེད་སྙན་ཞུའི་ལམ་ལུགས་ཀྱི་ཁུངས་སྣེ་ཤེས་རྟོགས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་ཕྱིན་ཡོད།

    ན་སོ་དར་ལ་མ་བབས་པའི་མིར་སེམས་ཀྱི་རྟེན་ས་བྱུང་བ།

    ཆབ་མདོས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱས་ཏེ“ནང་དུ་གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་པ”དང“དྲ་ཐོག་དང་དྲ་ཕྱི”བཅས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་ཚོ་གྲོང་ལྷན་དང་དང་དབྱར་རྩྭ་དགུན་འབུ་འཐུ་སར་བསྐྱོད་དེ་གྱོད་དཔེ་དངོས་ལ་བརྟེན་ནས་བཅའ་ཁྲིམས་དྲིལ་བསྒྲགས་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ། བོད་རྒྱ་སྐད་གཉིས་ཀྱི་ལག་དེབ་བཟོས་ནས་སྤྲོད་པ་བཅས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མི་དང་ཁྱིམ་བདག་གི་ཁྲིམས་སྐྱོང་འདུ་ཤེས་དང་རང་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཡོད། མིག་སྔར། གྲོང་ཁྱེར་ཡོངས་སུ་ལས་དོན་དེ་སྒྲུབ་མཁན་ལས་བྱེད་ཉེན་རྟོག་པ་21ལ་རྒྱལ་ཁབ་སེམས་ཁམས་བློ་འདྲི་བའི་ཐོབ་ཐང་ལག་ཁྱེར་རག་པས་ཚོགས་པའི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད།

    2023ལོར་ཚོགས་པའི་ཁོངས་མིར་རྒྱལ་ཡོངས་ཀྱི་ཕུལ་བྱུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་ཕུལ་བྱུང་ཟུར་ཁྲིད་པ་སོགས་ཀྱི་མཚན་སྙན་ཐོབ་པ་དང་། སྟེང་ཆེན་རྫོང་གི་ན་སོ་དར་མ་བབས་པའི་མི་སྲུང་སྐྱོབ་བྱེད་མཁན“གངས་ལྷ་མེ་ཏོག”ཞིབ་དཔྱོད་ཡན་ལག་རུ་ཁག་ལ་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སློབ་གྲྭར་ཁྱབ་གདལ་གཏོང་བའི་ཕུལ་བྱུང་གི་མཉམ་སྡེབ་མཚན་སྙན་ཐོབ་པ། 2024ལོར་ཆབ་མདོ་ཞིབ་དཔྱོད་ཁོངས་གཏོགས་ཀྱི་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོབ་བྱེད་མཁན“གངས་ལྷ་མེ་ཏོག”ཞིབ་དཔྱོད་ཚོགས་པར་2023ལོ་དང་2024ལོར་གྲོང་ཁྱེར་རིམ་པའི་གཞོན་ནུ་ཤེས་དཔལ་རྟགས་ཅན་གྱི་མཉམ་སྡེབ་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།