དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྗོངས་ཡོངས་ཀྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་གསོ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-22

    ཉེ་ཆར། ལྗོངས་ཡོངས་ཀྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ཆེད་དོན་ལྟ་སྐུལ་སྐུལ་སློང་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ལྗོངས་ཡོངས་ཀྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་ལས་དོན་ཆེད་དོན་ཚན་ཁག་གིས་ལྗོངས་ཁྲིམས་འཛིན་ཐིང་དང་། ཁྲོམ་ར་ལྟ་འདོམས་ཅུས། སྐྱེ་ཁམས་ཁོར་ཡུག་ཐིང་། འཕྲལ་སྡོམ་དོ་དམ་ཐིང་བཅས་ཀྱི་ལས་འགན་ཁག་བགོས་ཐིང་རིམ་པའི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་བྱས་པའི་ལས་དོན་ཚོགས་ཆུང་4བཙུགས་ཏེ་ཟླ་6པའི་ཟླ་མཇུག་ནས་བཟུང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཀྱི་གཙོ་གནད་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་དང་། ས་ཁུལ་དང་གྲོང་ཁྱེར་བདུན། དེ་བཞིན་ཆུས་དང་རྫོང་བཅས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱས་པ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁེ་ལས་དང་མང་ཚོགས་ཀྱིས་གླེང་མང་བའི་ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། རང་ལྗོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་བྱ་སྤྱོད་དངོས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།