དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲིམས་ཁང་གིས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-22

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་དམངས་ཁྲིམས་ཁང་གིས་ཆེད་ལས་ཀྱི་ཁྲིམས་དཔོན་ཚོགས་པ་སྒྲིག་འཛུགས་བྱས་ནས་རང་འགུལ་ངང་ཀྲུང་གོ་ལྕགས་ལམ་ཅུས་གསུམ་པའི་རྣམ་གྲངས་པུའུ་རུ་བསྐྱོད་དེ་རྣམ་གྲངས་ཀྱི་དོ་དམ་མི་སྣ་དང་བཟོ་པའི་འཐུས་མིར་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་དཔོན་གྱིས་གན་རྒྱའི་སྐོར་གྱི《དམངས་དོན་ཁྲིམས་གཞུང》གི་འབྲེལ་ཡོད་གཏན་འབེབས་ཀྱི་རྨང་གཞིར་བརྟེན་ནས་ངལ་རྩོལ་གྱི་གན་རྒྱ་འཇོག་པ་དང་། ལག་བསྟར་བྱེད་པ། མེད་པ་བཟོ་བ་སོགས་ལྷུ་ཚིགས་ཀྱི་ཁྲིམས་ལུགས་ཀྱི་ཉེན་ཁ་གསལ་འགྲེལ་བརྒྱབ་པ་དང་། སྔར་སོང་ཞིབ་གཅོད་བྱས་པའི་གྱོད་གཞི་དང་ཟུང་འབྲེལ་བྱས་ཏེ། མི་སྤྱོད་ལམ་ལུགས་དང་ངལ་རྩོལ་པའི་ཁེ་དབང་འགན་སྲུང་གི་གལ་ཆེའི་རང་བཞིན་འབུར་དུ་བཏོན་ནས་ཁེ་ལས་ལ་ཁྲིམས་དང་སྒྲིག་ཁྲིམས་ལྟར་མི་སྤྱོད་པའི་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ནས་འབྱུང་རྩ་ནས་མི་སྤྱོད་ཀྱི་རྩོད་གཞི་མི་ཐོན་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།