ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱིས་དུད་ཚང་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པར་བསྐྱོད་པ།
ཁོངས་གཏོགས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་སྐྱིད་སྣང་དང་། བདེ་འཇགས་ཚོར་སྣང་། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་དམར་ཆུ་ཤང་མངགས་གཏོང་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཕྱུག་འཚོ་ས་ཁག་ཏུ་བསྐྱོད་དེ“སྒོ་རྩར་འགྲོ་བའི་བྱ་སྤྱོད”གཅིག་སྡུད་ཐོག་སྤེལ་བ་དང་། “ལེབ་བཤེར་རྣམ་པའི”ཐོག་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་གནད་སྨིན་ཅན་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་རེད།
མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཕྱུགས་འཚོ་སར་ཁྱིམ་ཚང་རེ་རེ་བཞིན་བཅར་འདྲིར་བསྐྱོད་དེ“སྔོན་འགོག་གྲལ་བཤེར་གྱི་སྔོན་དུ་འཇོག་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་འབྲོག་པ་དང་ཐག་ཉེ་ས་ནས་སྙིང་གཏམ་ཤོད་རེས་བྱེད་པ་དང་། རེ་ཞུ་ཉན་པ། ཐག་གཅོད་བྱེད་དགོས་པའི“དོན་ཆུང”ཐོ་འགོད་པ། མངོན་མེད་འགལ་ཟླ་དང་རྐྱེན་ངན་འཚོལ་བ་བཅས་བྱས་ཡོད། ད་ཐེངས་ཀྱི་བྱ་སྤྱོད་ལས་ཁོངས་གཏོགས་ཁུལ་གྱི་“དམངས་ཀྱི་གནས་ཚུལ་གྱི་ཡིག་ཚགས”བཟོས་ནས། གནད་སྨིན་ཞབས་ཞུ་དང་འགལ་ཟླ་འབྱུང་རྩ་ནས་ཐག་གཅོད་བྱེད་པར་རྨང་གཞི་བཏིང་བ་མ་ཟད། འབྲོག་པའི་སེམས་སུ་ཁྲིམས་སྐྱོང་གི་ས་བོན་ཞིག་དེ་བས་ཀྱང་བཏབ་ནས་ས་གནས་དེ་གའི་ཞི་མཐུན་བརྟན་ལྷིང་ལ་སྟོབས་ཤུགས་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།