དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉེན་རྟོག་པ་དང་མང་ཚོགས་ཀྱིས་མཉམ་དུ་དུས་བདེ་སྲུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-22

    འདི་ནི་སྒོ་བྱང་གི་ཡོལ་ཁེབས་འབྱེད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    འདི་ནི་མི་དམངས་ཉེན་རྟོག་པས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིར་མཐའ་མཚམས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་ཕག་རི་གྲོང་རྡལ་སྡེ་ཁུལ་བཞི་པའི་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་སྡེ་ཁུལ་བཞི་པའི་གསར་བརྗེའི་ས་ཚུགས་མདུན་དུ“ཉེན་རྟོག་པ་དང་མང་ཚོགས་ཀྱི་མཉམ་སྐྲུན་ས་ཚིགས”ཀྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་རེད།

    “ཉེན་རྟོག་པ་དང་མང་ཚོགས་ཀྱི་མཉམ་སྐྲུན་ས་ཚིགས”ནི་ཕག་རི་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་གསར་གཏོད་ལག་ལེན་ཞིག་རེད། ཕྱོགས་གཉིས་པོས་སྡེ་ཁུལ་བཞི་པའི་གསར་བརྗེའི་ས་ཚུགས་ཀྱི་འཐབ་སར་བརྟེན་པ་དང་། “གསར་བརྗེའི་སྒུལ་ཤུགས”ལ་བརྟེན་ནས“གསར་བརྗེའི་ཞབས་ཞུའི”ནུས་ཕྱོད་ཆེ་རུ་གཏོང་བ། ཉེན་རྟོག་ལས་དོན་གྱི་ཐོན་ཁུངས་དང་སྡེ་ཁུལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཆབ་སྲིད་སྒྲོག་འགྲེལ་དང་། འགལ་ཟླ་འདུམ་འགྲིག དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ལས་སྟེགས་མཉམ་དུ་སྐྲུན་པ་བཅས་བྱས་པས། ཉེན་རྟོག་པ་དང་མང་ཚོགས་དབར་སེམས་འབྲེལ་གྱི“གསར་བརྗེའི་འབྲེལ་ཐག”ལ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།